[A:༡༣༩] ཇ། སྣམ་ཕྲུག །གོ་ཁྲབ་སོགས་ལ་གཞི་བླངས་པའི་གྲོ་བར་དྲིལ་ཐོགས་འགྱེད་ཁལ་གཉིས་མ་དང་བཅས་པ་བསྒྲུབས་ཤིང༌། ཁམས་གཙང་དབུས་གསུམ་གྱི་གྲྭ་པ་དད་པ་དང༌། འབྱོར་པ་དང་ལྡན་པ་རྣམས་ཀྱིས་རང་རང་གི་འབྱོར་པ་དང་བསྟུན་པའི་མང་ཇ་སྟོང་ཇ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བསྒྲུབས། མདོར་ན་དུས་ཕྱིས་ཀྱི་གདུང་བརྒྱུད་གཤེགས་པའི་གཤེགས་རྫོང་ལ་བཟང་བའི་ཚད་ཐུབ་པ་བྱུང་བ་ཡིན་ཞེས་ཕྱོགས་ཀུན་ཏུ་གྲགས་སོ། །དེ་ནས་ཀྱང་གདུང་གི་དྲུང་དུ་བཞི་ཐོག་བླ་བྲང་དང༌། རྒྱལ་རྩེ། ཆོས་རྫོང་པ་སོགས་ཀྱིས་དཀར་མེའི་འཕྲེང་བ་མང་པོ་ཁོར་ཡུག་ཏུ་སྤར་བ་ལ་སོགས་པའི་མཆོད་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་རྒྱུན་བཙུགས་ཤིང༌། བླ་མ་མྱ་ངན་འདས་པའི་ཚེས་གྲངས་དག །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་པ་བྱེ་བར་བསགས་པའི་སྡིག་བྱང་ཞིང༌། །བསོད་ནམས་ཕུང་པོ་གཞལ་དུ་མེད་པ་ཐོབ། །ཅེས་གསུངས་པ་ལྟར། བདག་ཆེན་ཤར་པས་གཙོ་མཛད་ཕྱག་ཕྱི་དྲུང་སྐོར་བ་རྣམས་ཀྱིས་བདག་རྐྱེན་དོ་དམ་མཛད་ནས། ཟླ་བ་བྱུང་ངོ་ཅོག་གི་ཚེས་བཞི་ལ་བབ་པའི་དུས་སུ་གསོལ་འདེབས་ཟླ་མཆོད་ཀུན་ཤིན་ཏུ་བཟང་བར་བསྒྲུབས། དེ་ལྟར་ཡོས་ལོ་ཟླ་བ་དགུ་པ་ནས། དུས་ཀྱི་ཕོ་ཉ་ཞེས་བྱ་བ་ས་ཕོ་རྟ་ལོ་ཟླ་བ་གཉིས་པའི་བར་དུ། སྐུ་གདུང་རིན་པོ་ཆེ་རིལ་བུ་གཅིག་ཏུ་མཆོད་རྟེན་གྱི་སྙིང་པོར་བཞུགས་ཤིང༌། དེ་རྗེས་ཤར་གླིང་པ་དྲུང་ཆེན་བཀྲ་ཤིས་བཟང་པོ་པས་རྒྱ་འབུལ་འཁོར་ཏེ། གོས་དར་སོགས་གདན་སར་སླེབས་པའི་དངོས་པོ་རྣམས་ལ་གཞི་བྱས། རྟ་ལོ་ཟླ་བ་གཉིས་པའི་ཚེས་བཞི་ལ། ཡབ་རྗེ་བཙུན་