[A:༡༤༦]ལྔ་བརྒྱ་སོང་བ་ན། བོད་ཀྱི་རྒྱལ་རབས་ཉི་ཤུ་རྩ་བདུན་པ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས་པ་ཡིན། དེའི་འཕྲོ་ནས་ལོ་བདུན་བརྒྱ་བཞི་བཅུ་རྩ་གཉིས་ལོན་པ་ལྕགས་ཕོ་སྟག་གི་ལོ། རྔོག་ལོ་རྩཱ་བ་བློ་ལྡན་ཤེས་རབ་གཤེགས་པ་ཡན་ཆད་ཀྱི་དུས་ཞང་ཚེ་སྤོང་ཆོས་ཀྱི་བླ་མས་བརྩིས་པ་ན། དེ་ཡན་ཆད་ལ་སུམ་སྟོང་ཉིས་བརྒྱ་བཞི་བཅུ་རྩ་གསུམ་འདས་པར་བཞེད། དེའི་འཕྲོ་ནས་ལོ་ལྔ་བཅུ་རྩ་བདུན་ལོན་པ་མེ་ཕོ་ཕག་གི་ལོ། རྗེ་བཙུན་རིན་པོ་ཆེ་བསོད་ནམས་རྩེ་མོས་གུང་ཐང་ན་ལ་རྩེ་གནས་གསར་དུ་ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་བརྩམས་པའི་དུས་རྩིས་པ་ན། དེ་ཡན་ལ་ལོ་སུམ་སྟོང་སུམ་བརྒྱ་འདས་པར་བཞེད། དེ་ནས་ལོ་ལྔ་བཅུ་སོང་བ་མེ་ཕོ་བྱི་བའི་ལོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་བདེ་བར་གཤེགས་པའི་དུས་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོས་རྩིས་པ་ན། དེ་ཡན་ལ་ལོ་སུམ་སྟོང་སུམ་རྒྱ་ལྔ་བཅུ་འདས་པར་བཞེད། །དེའི་འཕྲོ་ནས་དྲུག་ཅུ་རྩ་གཅིག་སོང་བ་མེ་མོ་གླང་གི་ལོ་ལ། ཆོས་རྒྱལ་འཕགས་པས་ཆུ་མིག་ཏུ་ཆོས་འཁོར་ཆེན་པོ་མཛད་དུས་བརྩིས་པ་ན། དེ་ཡན་ལ་སུམ་སྟོང་བཞི་བརྒྱ་དང་བཅུ་གཅིག་འདས་པར་བཞེད། དེའི་འཕྲོ་ནས་ལོ་སུམ་ཅུ་རྩ་དྲུག་སོང་བ་ཆུ་ཕོ་བྱི་བའི་ལོ་ལ། བླ་མ་དམ་པ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་འཁྲུངས། དྲུག་ཅུ་རྩ་བཞི་པ་ཤིང་མོ་ཡོས་ལ་གཤེགས། དེ་ནས་ལོ་བདུན་ལོན་པ་ཆུ་ཕོ་ཁྱིའི་ལོ་ལ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་འཁྲུངས། དེ་ཉིད་ཀྱིས་དྲུག་ཅུ་རྩ་གསུམ་བཞེས་པ་ཤིང་ཕོ་བྱི་བའི་ལོ་ལ་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་འཁྲུངས། ལྔ་བཅུ་རྩ་གཉིས་ཀྱི་བར་དུ་