R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༥༦
[A:༥༦] ཏི་ཤྲི་ཀུན་དགའ་ཉི་མ། འཇམ་དབྱངས་དོན་ཡོད་རྒྱལ་མཚན། རྒྱལ་བ་བྲག་ཕུག་པ་སོགས་ཡོངས་འཛིན་མཁས་གྲུབ་དུ་མ་བསྟེན་ནས་བོད་ཡུལ་དུ་འགྱུར་བའི་ཐེག་པ་ཆེ་ཆུང་གི་ཆོས་ཕལ་ཆེར་གསན། ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ནས་འཆད་རྩོད་རྩོམ་གསུམ་མཐར་ཕྱིན་ཞིང༌། གོང་མའི་ལུང་གིས་དགུང་ལོ་སོ་གསུམ་ལ་བཞི་ཐོག་གི་གདན་སར་སྤྱན་དྲངས་ནས་བསྟན་པའི་བདག་པོར་བཞུགས། ལྷ་སའི་ཇོ་བོའི་གདན་ཁྲི་རྒྱབ་ཡོལ་སྤོད་པ། བསམ་ཡས་སོགས་སྔོན་གྱི་ལྷ་ཁང་མང་པོའི་ཞིག་གསོས། ཆོས་འཁོར་རབ་ཏུ་ཆེ་བ་ལན་འགའ་དང་བཅས་པ་མཛད། དྲོ་བ་ཀུན་མཁྱེན་ཟེར་བའི་གྲུབ་ཆེན་ཅིག་གི་ཉམས་སྣང་ལ། བཅོམ་ལྡན་འདས་ཐུབ་པའི་དབང་པོར་གཟིགས་སོ། །སྟོད་ལུང་པ་དགེ་བཤེས་ཤེས་རབ་རྡོ་རྗེས་འཇམ་དབྱངས་འོད་ཟེར་དང་བཅས་པ་མཐོང་བ་སོགས་ངོ་མཚར་བའི་རྣམ་ཐར་བསམ་གྱིས་མི་ཁྱབ། དགུང་ལོ་དྲུག་ཅུ་རྩ་བཞི་པ་ཤིང་མོ་ཡོས་ཀྱི་ལོ་ཟླ་བ་དྲུག་པའི་ཉེར་ལྔའི་ནུབ་བསམ་ཡས་བླ་བྲང་དུ་བདེ་བར་གཤེགས། ཕྱི་རྟེན་སྙེ་ཐང་འོར་ན་ཡོད། ནང་རྟེན་བྱམས་པའི་གསེར་སྐུ་ཆེན་པོ་རིན་ཆེན་སྒང་ན་བཞུགས། འཇམ་དབྱངས་དོན་ཡོད་པས་བསྙེན་རྫོགས་མ་མཛད་གོང་དུ་མ་ཅིག་གཞོན་ནུ་འབུམ་གྱི་བུ་མོ་མ་ཅིག་ཞ་ལུ་པ་ཡོན་ཏན་དཔལ་འབུམ་ཁབ་ཏུ་བཞེས་པའི་སྲས་གཅེན་ཉི་མ་རྒྱལ་མཚན་ཆུང་ངུ་ལ་གཤེགས། གཅུང་ཟླ་བ་རྒྱལ་མཚན་རབ་ཏུ་བྱུང་བའི་མཚན་ཀུན་དགའ་རྒྱལ་མཚན་ཤིང་ཕོ་སྤྲེའུའི་ལོ་ཞ་ལུ་ཁང་གསར་དུ་འཁྲུངས། ཆོས་རྗེ་བླ་མ་དམ་པ་དང་མཉམ་མེད་ཆེན་པོ་སོགས་ཡོངས་འཛིན་