R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༧༧
[A:༧༧]གསུམ་ཆར་གཏོགས་དང་བཅས་པ་གཡེལ་བ་མེད་པར་གཅེས་སྤྲས་སུ་མཛད་པ་ཡིན་ནོ། །སྔོན་ཚེ་བྱ་རྒོད་ཕུང་པོའི་རི་བོ་ལ། །གསེར་སྦྱངས་ལྷུན་པོ་ལི་ཁྲིའི་མཚོར་ཞུགས་བཞིན། །ཐུབ་དབང་ཉན་ཐོས་བྱེ་བའི་འཁོར་གྱི་དབུས། །ཚངས་པའི་དབྱངས་ཀྱིས་དམ་ཆོས་འདོམས་པ་ལྟར། །བདེ་ལྡན་རི་བོའི་སྤོ་ལ་མུས་ཆེན་རྗེ། །སྲས་ཀྱི་ཐུ་བོ་མཁས་གྲུབ་རྣམ་གཉིས་སོགས། །ངུར་སྨྲིག་འཛིན་པ་འབུམ་སྡེས་ཡོངས་བསྐོར་ནས། །ཟབ་ཅིང་རྒྱ་ཆེའི་དགའ་སྟོན་སྩོལ་བ་གཟིགས། །དེ་ཚེ་ཐུགས་མཚོའི་དད་པའི་རྦ་རླབས་ནི། །གྱེན་དུ་འཕྱོ་བའི་ལྦུ་འཕྲེང་ཅི་ཡང་གཡོ། །རྣམ་དག་ཁྲིམས་ཀྱི་ནོར་བུས་ཁྱོད་ཐུགས་གཏམས། །བུ་རམ་ཤིང་པའི་སྲས་ཀྱི་ཐུ་བོར་གྱུར། །དེ་ལྟའི་གྲགས་སྙན་སྐལ་བཟང་སྙིང་གི་རྩ། །སུམ་རྩེན་རྣ་བའི་བདུད་རྩི་གཎྜིའི་དབྱངས། །ཕྱོགས་ཀྱི་མཛེས་མའི་རྣ་ལུང་ལ་འཕོས་པས། །འོག་མིན་གཙང་མའི་ཞིང་དུ་ཅ་ཅོར་བསྒྲགས། །དམ་པ་དེ་ཉིད་ལ་རྡོ་རྗེ་ཐེག་པའི་གསང་བ་ཟབ་མོ་བཀའ་དྲིན་ནོས་པའི་ཚུལ་ནི། ཞབས་དྲུང་དུ་ཕེབས་མ་ཐག་ཏུ་ཐོག་མར་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བ་སྔོན་དུ་འགྲོ་བའི་སྒོ་ནས་སྤྲོས་མེད་ཀྱི་བྱིན་རླབས་བསྐྱེད་རྫོགས་ཀྱི་ཁྲིད་ཀྱི་རྣལ་འབྱོར་ཉམས་ཁྲིད་དུ་གསན་ཅིང༌། དེ་ལ་ཉེ་བར་མཁོ་བའི་ལུས་སྦྱོང་འཁྲུལ་འཁོར། བསྐྱེད་རྫོགས་ཀྱི་གཞུང༌། ཁྲིད་ཡིག་ལ་སོགས་པའི་ལུང་རྣམས་དང་བཅས་པ་ཐུགས་དགྱེས་བཞིན་དུ་སྩལ་པ་ལ་བརྟེན་ནས་སྤྲོས་མེད་རྣམ་པར་མི་