R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༡༣
[A:༡༡༣]འགྱུར་ཚལ་དུ་ཐུགས་རྗེས་བྱོན། །རོང་སྟོན་ཆོས་རྗེའི་བསྟན་པའི་སྲོག་ཤིང་བཟུང༌། །ཟབ་ཅིང་རྒྱ་ཆེའི་ཆོས་འཁོར་བསམ་ཡས་བསྐོར། །ཐུབ་བསྟན་རྒྱས་མཛད་ཁྱེད་ལ་ཕྱག་འཚལ་ལོ། །དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་པདྨའི་ངང་ཚུལ་ཉིད་རྒྱལ་བའི་བསྟན་པ་འཛིན་པ་ལ་བསམས་བཞིན་དུ་ཤར་རྒྱལ་མོ་དངུལ་ཆུའི་སྨན་ལྗོངས་སུ་སྐུའི་སྐྱེ་བ་བཞེས་པ་རོང་སྟོན་ཐམས་ཅད་མཁྱེན་པ་ཆེན་པོ་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོ་ཉིད་ཀྱིས་བཏབ་པའི་ཆོས་གྲྭ་ཆེན་པོ་དཔལ་ལྡན་ནཱ་ལེནྡའི་གཙུག་ལག་ཁང་ཞེས་གྲགས་པ་དེར་དམ་པ་དེ་ཉིད་ནས་བཟུང་ནས་གདན་སའི་མ་པ་བདུན་ཙམ་སོང་བའི་མཚམས་སུ་གཞན་ཕྱོགས་ཀྱི་བསྟན་འཛིན་གྱི་གཟུགས་སུ་རློམ་ཀྱང་མ་རུངས་བའི་ཕྲག་དོག་གིས་སེམས་རྒྱུད་མུན་པ་ལྟར་གྱུར་པའི་གང་ཟག་ཁ་ཅིག་གིས་གྲུབ་མཐའི་ཀུན་སློང་ངན་པ་ཞེ་ལ་བཞག་ནས་ལམ་འབྲས་རྒྱབ་ཏུ་བོར་བའི་ངན་སྔགས་ཀྱི་འཁྲུལ་འཁོར་མང་པོའི་སྦྱོར་བས། ཆོས་གྲྭ་དེར་བཞུགས་པའི་བླ་མ་སློབ་དཔོན་མི་སྣ་དྲག་གཏོགས་མདོར་ན་ཁང་ཁྱིམ་རགས་པ་ཚུན་མ་རུངས་པར་བྱས་ཏེ་ཉམ་ཐག་པའི་ཚེ། དེར་གནས་ཀུན་གྱིས་མགྲིན་གཅིག་ཏུ་བགྲོས་ནས། ད་ནི་བདག་ཅག་རྣམས་ཀྱི་སྐྱབས་གནས་སུ་རྗེ་བཙུན་དམ་པ་འདི་ཁོ་ན་འོས་སོ་སྙམ་ནས་རིམ་པར་ནན་ཏན་ཆེན་པོས་གསོལ་བ་བཏབ་པ་ལ་བསྟེན་ནས་སྤྱི་སྒོས་ཀྱི་བསྟན་པ་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ། གོང་དུ་སྨོས་པའི་ལྕགས་ཕོ་ཁྱིའི་ལོ་མཇུག་ཏུ། ནཱ་ལེནྡ་ནས་གདན་འདྲེན་མི་སྣ་རྐང་བཙུགས་སླེབས། འགལ་བྱེད་ཅེས་བྱ་བ་ལྕགས་མོ་ཕག་གི་ལོ་ལ། དཔལ་