[A:༣༠༢]ཆེ་ལས་གྲོལ། །འཇིགས་པ་མེད་པ་སེང་གེའི་ཁྱིམ་དུ་སླེབས། །དཔལ་ལྡན་བློ་གྲོས་བརྟན་པའི་བསམ་པ་འགྲུབ། །ཅེས་གསུངས། སྐབས་དེར་ས་སྐྱར་བྱོན་ནས། ལོ་མཆོག་པ་ལ་མངའ་བའི་བཀའ་ལུང་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན། ཤས་ཆེར་གནས་པོ་ཆེར་བཞུགས་ནས། རྩོམ་བཤད་བསྒྱུར་གྱི་སྒོ་ཕྱེ། སླར་ས་སྐྱར་བྱོན། ཆོས་མང་དུ་གསུངས། དེའི་སྐབས་སུ་བོ་དོང་ཨེའི་དགེ་འདུན་རྣམས་ཀྱིས་རྒྱལ་སྲས་ཐོགས་མེད་ལ་གདན་སར་གསོལ་བ་བཏབ་པས། བདག་གིས་མི་ཡོང་། ངེད་ཀྱིས་ལུང་བསྟན་པ་ལྟར་བྱས་ན་དེའི་བརྒྱུད་པ་བདུན་གྱི་བར་དུ་ལུགས་གཉིས་ཀྱི་ས་སྡེ་འདི་ལ་ཕན་པར་འགྱུར་རོ་ཞེས་གསུངས་སོ། དེ་ལ་དགེ་འདུན་རྣམས་ཀྱིས་ཀྱང་བཀའ་བཞིན་བགྱིད་པ་ཞུ་བའི་ངོ་ཆེན་ཕུལ་བ་ན། སེམས་དཔའ་ཆེན་པོ་དེས་ཀྱང་དཔང་ལོ་རྩ་བའི་དྲུང་དུ་ཕེབས་ཏེ། དཔལ་ཨེའི་དགེ་འདུན་རྣམས་ནི་ཉིད་ལ་མཁན་པོར་གསོལ་བ་འདེབས་ཀྱིས། བདག་ལ་ཡང་ངོ་ཆེན་གྱི་ལུས་སུ་བགྱིད་པས་ན། དེ་ནི་མགོན་པོ་ཁྱེད་ཀྱིས་མཛད་པར་རིགས་སོ་ཞེས་ཐལ་མོ་ཐུགས་ཀར་སྦྱར་བས་བདག་ཉིད་ཆེན་པོ་དེ་ནི་ཐུགས་ཤིན་ཏུ་རིངས་པར་གྱུར་ཅིང་། འཇིག་རྟེན་གྱི་སྤྱོད་པ་ལ་རྒྱབ་ཀྱིས་ཕྱོགས་པས། གུ་རུ་ཐོགས་མེད་ཐོས་པའི་གཏམ་ལ་སྙན། །ཉིན་ཀྱི་ཞལ་ནས་ལེགས་བཤད་མ་གཏོགས་པ། །ཉེས་པར་སྣང་བ་ག་ལ་སྲིད་པ་སྟེ། །ཁོ་བོའི་མཁན་པོ་ཆེན་པོ་རྟག་བདེ་པ། །སེང་གེ་རྒྱལ་མཚན་གྱིས་ཀྱང་མ་ཐོབ་པའི། །གདན་ས་ཡིན་པས་དེ་རིང་རང་ལ་འགྲོ། །འགྱུར་ན་མི་ཡོང་ད་ལྟ་རང་ལ་འགྲོ། །ཞེས་གསུངས་ཤིང་། ཁྲི་ཐོག་ཏུ་ཕེབས་ནས་བསྟན་པའི་བྱ་བ་ཡུན་རིང་མཛད། དེ་ནས་དབུས་སུ་བྱོན་པའི་ལམ་དུ་གླེགས་བམ་མང་པོ་སློབ་མ་ལ་བཀྱེ་བའི་མནལ་ལམ་བྱང་བས་ཟླ་བ་བཅུ་དྲུག་གི་བར་དུ་དབུས་སུ་བཞུགས་ནས། ལྷ་