[A:༣༠༣]ས། བསམ་ཡས། གུང་ཐང་། སྟག་ལུང་། རྭ་སྒྲེང་། གསང་ནེའུ་ཐོག་རྣམས་སུ་དུས་འཁོར། དགོངས་རྒྱན། ཕར་ཚད་མངོན་གསུམ། དབུ་མ་རྒྱན། སྒྲ་སྙན་ངག ཟབ་མོའི་མདོ་ལྔ་སོགས་ཆོས་མང་དུ་གསུངས་པས། དབུས་ཀྱི་དགེ་བའི་བཤེས་གཉེན་ཕལ་མོ་ཆེས་གསན། ད་ནི་ཤི་ཡང་མི་འགྱོད་དོ་ཞེས་གསུངས། དེ་ནས་སྣར་ཐང་དུ་མཆིམས་བློ་བཟང་པ་སོགས་ལ་དགོངས་རྒྱན་སྙན་ངག་སོགས་གནང་། དེ་ན་ཨེ་དང་ས་སྐྱར་བྱོན། སི་སོགས་ཀྱི་མཐའ་དཔྱད་འཇམ་དཔལ་གྲགས་པས་མཛད་པ་
ཙནྡྲ་པའི་ཡི་གེའི་མདོ། ཏིང་མཐའི་བྱ་བ། སློབ་དཔོན་གཙང་ཁ་ཤས་མཛད་པའི་འགྲེལ་པ་མདོར་བསྟན།
སོགས་གཞི་འགྱུར་དང་ཞུ་ཆེན་མང་དུ་མཛད་ཅིང་། དུས་འཁོར་འགྲེལ་ཆེན་གྱི་བསྟོད་འགྲེལ་ཀ་ལཱ་པ་སྙན་ངག་མེ་ལོང་གི་འགྲེལ་པ། ཚོགས་གསུམ་གསལ་བ་
སོགས་བསྟན་བཅོས་མང་དུ་མཛད་ནས། དེ་བདུན་པ་ཆུ་ཕོ་རྟའི་ནག་པའི་ཚེས་བཅུ་གསུམ་ལ་བདེ་བ་ཅན་དུ་གཤེགས་སོ། །
ལོ་ཆེན་འདི་ལ་ནི་སློབ་མ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་མཆེད་གཉིས། བུ་དོལ་ལོ་ཙཱ་བ་མ་ཏི་རྣམ་གཉིས། གུང་ཐང་བདེ་བློ། ལོ་ཆེན་བྱང་ཆུབ་རྩེ་མོ་སོགས་མང་དུ་བྱུང་ཞིང་།
བུ་སྟོན་རིན་པོ་ཆེས་ནི་གཙོ་བོར་ཐར་ལོ་ཉི་མ་རྒྱལ་མཚན་ལ་སྒྲ་གསན་ནོ། །མཁས་པ་འདི་ལ་རིག་གནས་ཀྱི་དོགས་གནས་མང་དུ་ཞུས་ནས། འགྲེལ་པ་དུར་སིང་ཡོངས་སུ་རྫོགས་པར་འགྱུར་བ་སོགས་དུར་སིང་གི་འགྲེལ་པ་སྤྱན་གསུམ་འབངས་ཀྱིས་མཛད་པ་ཕལ་ཆེར་བསྒྱུར་
འགྱུར་མང་པོ་དང་། ཀ་ལཱ་པའི་འགྲེལ་པ་ཡང་མཛད། སློབ་མའི་གཙོ་བོ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་སོགས་ལ་གསུངས་པས། རིག་གནས་ཀྱི་བཤད་རྒྱུན་ཤིན་ཏུ་དར་བ་བྱུང་།