[A:༣༠༧]ཞེས་བྱ་བ་སྟེ། བཞུགས་ཚུལ་ཡང་འཇུག་པའི་སྒོ་བཞི། ཕྱི་ནང་གི་གནས་ལྔ། བཤད་སྒྲུབ་རིན་པོ་ཆེའི་ཡན་ལག་དང་ཉེ་བའི་ཡན་ལག་བརྒྱ་ཕྲག རིམ་པར་ཕྱེ་བ་བརྒྱ་དྲུག་ཅུ། ལེའུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། མན་ངག་བདུད་ཁྲི་ཉིས་སྟོང་། ཆོས་ཆོམས་བརྒྱད་ཁྲི་བཞི་སྟོང་། པོ་ཏི་བརྒྱ་དང་བཅུ་ཡོད་པ་ཡིན་ནོ། །
འཆད་པའི་སློབ་མ་ཐོན་ཚུལ་ཡང་། བཟོ་རིག་ནས་བཟུང་ཡོངས་སུ་རྫོགས་པའི་བར། །དེ་དང་དེ་ཡི་བཀའ་བབས་ཉི་ཤུ་གསུམ། །འཇམ་པའི་རྡོ་རྗེ་མི་ཡི་ཟློས་གར་མཁན། །རྣམ་དག་འཁོན་གྱི་གདུང་བརྒྱུད་རྣམ་པ་གསུམ། རིག་སྔགས་འཆང་བའི་ཁྱུ་མཆོག་ཆེན་པོ་གཅིག །ཉི་མ་ཟླ་བ་ལྟར་གྲགས་མཁས་གྲུབ་གཉིས། །འཇིག་རྟེན་གསུམ་གྱི་མིག་གཅིག་ལོ་ཆེན་གསུམ། །ཕྱོགས་ལས་རྣམ་པར་རྒྱལ་བའི་བཤེས་གཉེན་དྲུག །ཅེས་སོགས་མང་དུ་གསུངས་པའི་ནང་ནས།
ཉི་ཟླ་ལྟར་གྲགས་པ་གཉིས་ནི། དང་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་སྟེ། འདིས་ནི་ནགས་ཤོད་པ་ཆོས་དབང་གྲགས་པ་སོགས་དགེ་ཕྱོགས་ཀྱི་རིག་གནས་སྨྲ་བ་ཐམས་ཅད་ཀྱི་རིག་གནས་ཆུ་རྒྱུན་སྤེལ་བའི་རྒྱ་མཚོ་མཛད་པ་ཡིན་ལ། ཟླ་བ་ལྟ་བུ་ནི། གསུང་རབ་རྒྱ་མཚོ་ཆུ་གཏེར་གྱི་མངལ་ལས་ཐོན་ཏེ། ཡོངས་སུ་རྫོགས་པའི་བསྟན་པའི་ནམ་མཁར་འཆད་རྩོད་རྩོམ་གསུམ་གི་དཀྱིལ་འཁོར་ཡོངས་སུ་གང་བས། མཁས་པར་བཏགས་པའི་རི་བོང་གིས་སྒེག་ཅིང་། ཐ་སྙད་ཀྱི་གཙུག་ལག་རྒྱ་མཚོའི་འོད་དཀར་གྱི་སྣང་བས་བློ་གསལ་ཀུ་མུ་ཏའི་ཚོགས་རྒྱས་པར་མཛད་པ་ལ་མཁས་པ་དཔང་ལོ་ཙཱ་བ་བ་ཆེན་པོའི་སྐུའི་སྐྱེ་བ་སྙེ་ཐང་བློ་གྲོས་བརྟན་པ་བཞི་པར་བོད་པ་དེ་ཡིན་