R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༣༠༩
[A:༣༠༩]བཟུང་བས་ཐ་སྙད་རིག་གནས་མཁས་པའི་སློབ་མ་མང་དུ་བྱུང་ཞིང་། སློབ་མའི་མཆོག་ནི་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་ཏེ། འདིས་ནི་དབུས་སུ་རིག་གནས་ཀྱི་སྲོལ་རྒྱ་ཆེར་བཏོད་ཅིང་། སློབ་མའི་མཆོག་ཁྲུས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོ་སྟེ་དཔོན་སློབ་འདི་གཉིས་ནས་དུས་འཁོར་དང་རིག་གནས་ཀྱི་བཤད་རྒྱུན་འཕེལ་བ་ནི་ཀར་འབྲུག?འདྲུག་གཉིས་སོགས་མཐའ་ཡས་པ་ཞིག་ཡོད་པས་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ། ། སློབ་མའི་མཆོག་ཆོས་འཁོར་སྒང་པ་ལོ་ཆེན་ཤེས་རབ་རིན་ཆེན་ནི། ཡབ་དོན་གྲུབ་རྒྱལ་པོ་དང་། ཡུམ་ལྷ་མོ་སྐྱབས་ཞེས་བྱ་བའི་སྲས་སུ་ཤིང་མོ་བྱའི་ཧོར་ཟླ་བཞི་པའི་ཚེས་གསུམ་ལ་འཁྲུངས། མཚན་དཀོན་མཆོག་སྐྱབས་སུ་བཏགས། དགུང་ལོ་བདུན་ལ་ཡི་གེ་ཐམས་ཅད་མཐར་ཕྱིན། སློབ་དཔོན་གཞན་དུ་བྱོན་པས་ཡིག?མིག་ཕྲུག་པ་རྒན་གཞོན་བཅོ་ལྔ་སྐོར་གྱི་སློབ་དཔོན་མཛད། དགུང་ལོ་ཉི་ཤུའི་བར་དུ་ཡབ་ཡུམ་གྱི་དགོངས་པ་བསྐང་ཕྱིར་རབ་ཏུ་བྱུང་རྒྱུ་མ་བྱུང་ཡང་། དེའི་ལོ་ཐབས་མཁས་པོས་སེང་གེ་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ་རབ་ཏུ་བྱུང་། ཀ་རི་ཀ་ལྔ་བཅུ་པ་སོགས་མདོ་ཕྱོགས་ལ་སྦྱངས་པ་མཛད་དེ་བཤད་པ་ཡང་བརྩམས། ཐམས་ཅད་ངོ་མཚར་བར་གྱུར། གཞན་ཡང་ཆོས་འཁོར་བ་ཡབ་སྲས་ཀྱི་དྲུང་དུ་མདོ་ཕྱོགས་ཀྱི་ཆོས་ཐམས་ཅད་ལེགས་པར་སྦྱངས་ཤིང་། སྔགས་ཀྱི་དཀྱིལ་ཆོག་དུ་མ་དང་། ཚིག་རྩ་ལ་སྦྱངས་པས་མཁས་པ་ཆེན་པོ་རྣམས་ལ་ཡང་དགག་སྒྲུབ་དུ་མ་མཁྱེན་པ་བྱུང་། དེ་ནས་དངུས་འབྲས་སྤུངས་ས་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་ལ་མདོ་ཕྱོགས་མང་དུ་གསན་ཅིང་གྲ་སྐོར་གཞུང་ཤིན་ཏུ་མང་བ་མཛད་ཅིང་། གྲ་