R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༡༨ན-༤༢༥
[A:༡༡༨ན-༤༢༥] ༄༅། །རེག་གམ་གཏམ་དུ་བརྗོད་པ་ཙམ་གྱིས་ཀྱང། །རྣམ་པ་ཀུན་དུ་འགྲོ་བ་ཕན་བྱེད་ཅིང། །བདེ་དང་ལྡན་པ་རྟག་ཏུ་བྱེད་གྱུར་ཅིག།།ཅེས་པའི་སྨོན་ལམ་གྱི་འབྲེལ་བ་འཇོག་པ་མཛད་པས། ཕྱིས་བདག་གིས་ཐམས་ཅད་མཁྱེན་པའི་བསྙེན་རྫོགས་ཀྱི་མཁན་པོར་ཕྱིན་པས་བསྟན་པ་ལ་ཕན་པར་མ་ཟད། བློ་ཕག་ལྟར་བླུུན་པའི་འགྲོ་བ་དེ་དག་གི་ཡུལ་དུ་སྨོན་ལམ་གྱི་འབྲེལ་བ་བཞག་པས་འགྲོ་བའི་དོན་རྒྱ་ཆེན་པོ་འགྲུབ་པ་ཡིན། ཞེས་བཀའ་སྩལ། དེ་ནས་རིམ་པས་ཐེབས་པའི་བང་རིམ་ཆོ་སྡེའི་འཕྲང་ལ་ཐེགས་དུས། ཆིབས་དྲེལ་རྣམས་ལ་སྐོར་བ་དང། དཔོན་སློབ་རྣམས་ཞབས་ཐང་གིས་འཕྲང་ལ་ཕེབས་པའི་ཚེ། གཡང་འཇིགས་སུ་རུང་བ་ཐོག་ཚད་ཉི་ཤུ་ཙམ་ཡོད་པའི་བྲག་གཡང་གི་འོག་ཐམས་ཅད་གཙང་པོའི་རྦལ་ཀློང་འཁྲུག་པའི་བྲག་གི་གྲ་ཟུར་ལ་ཤིང་ཟམ་མདའ་གཅིག་མ་བཏང་བའི་ཟམ་པ་གཅིག་ལས་མི་འདུག་པ་ལ་ཐེགས་མ་ཞུས་པར་ཆིབས་ལེན་པ་སོགས་ཀྱི་ཐེ་ཚོམ་དུ་ཡོད་པའི་ཚེ། ཁྱེའུ་གཞོན་ནུ་ལོ་བཅུ་བདུན་ལོན་པའི་གོས་དམར་པོ་གྱོན་པའི་འཁོར་གསུམ་བཏགས་པ་ཅིག་ན་རེ། བདག་བྱ་དཀར་མོའི་སྒྲོ་ལས་གཙང་བ་ཡོད། དཔོན་སློབ་ཐེགས་མ་ཐུབ་ན། བདག་གི་བླ་མ་ཉིད་གདན་འདྲེན་ཞུས་ན་ཡོང་ཟེར་བ་ལ། ཐམས་ཅད་ཐེ་ཚོམ་ཡོད་ཀྱང། ཁྱོད་ཀྱིས་མིང་ལ་ཅི་ཟེར་དྲིས་པས། བདག་གི་མིང་ཀུན་དགའ་རྒྱལ་པོ་ཟེར། ཁྱོད་དཔོན་སློབ་ཐེགས་བཞུད་པ། འཕྲང་འདི་དིང་སང་གི་དུས་