R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༣ན-༤༣༥
[A:༡༢༣ན-༤༣༥] ༄༅། །བླ་མ་དམ་པའི་འདི་ཉིད་ཀྱིས་མཁན་པོ་དང། རྗེ་ཀརྨ་ཕྲིན་ལས་པས་ལས་ཀྱི་སློབ་དཔོན། ཆོས་རྗེ་སྒམ་པོ་མཁན་ཆེན་པས་གསང་སྟེ་སྟོན་པ། བླ་མ་བཀྲ་ཤིས་བཟང་གིས་དུས་སྒོ་བ། ཕྱིས་ཚོགས་ཀྱི་གདན་ས་བ་འདུལ་བ་འཛིན་པ་རིན་ཆེན་བཀྲ་ཤིས་པ་དང། རབ་འབྱམས་ཤཱཀྱ་རྒྱ་མཚོ་བ་སོགས་ཀྱི་ལས་ཀྱི་ཁ་སྐོང་བ་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ། འདས་པའི་སངས་རྒྱས་གཞན་ཕན་རྣམ་རོལ། མ་འོངས་སངས་རྒྱས་དྲུག་པ་སེང་གེ། ད་ལྟར་རྒྱལ་བའི་དབང་པོ་ཀརྨ་པ་ཞེས་ལྷ་དང་བཅས་པའི་འགྲོ་བ་ཀུན་གྱི་གཙུག་རྒྱན་གཅིག་པུ་རྒྱལ་དབང་མི་བསྐྱོད་རྡོ་རྗེ་ཉིད་སྙིགས་མའི་དུས་ཀྱི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་བླ་ལྷག་པར་དགོངས་ཏེ། སྐལ་བ་མཆོག་ཏུ་གྱུར་པའི་གདུལ་བྱ་རྣམས་ཀྱི་བསམ་པ་དང་མཐུན་པར་བསྙེན་པར་རྫོགས་པ་གླེོང་། གླེང་མོལ་ གི་དངོས་པོར་མཛད་དེ་མཚན་ཡང། ཆོས་གྲུབ་གྲགས་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཔལ་བཟང་པོ་ཞེས་གསོལ་ཏེ། དེ་དུས་དགུན་ཉི་ཐུང་བའི་དུས་ཡིན་རུང། དེ་ཉིན་གྱི་རྣམ་པར་དཀར་པའི་མཛད་པའི་ཡུན་དང་སྦྱར་ན་དབྱར་ཉི་མ་རིང་བའི་དུས་སུའང་མི་རྫོགས་པར་ངེས་པས། ཉི་མ་ཐུང་ངུ་ཤིན་ཏུ་རིང་པོའི་སྐྱེ་བོ་ཀུན་གྱི་ཐུན་མོང་ངོ་མཚར་བར་མཛད་པའི་ཚུལ་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་སོགས་བཀོད་