R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༤ན-༤༣༧
[A:༡༢༤ན-༤༣༧ ] ༄༅། །ཏེ་མདོ་རྒྱུད་བསྟན་བཅོས་མ་ལུས་པའི་དགོངས་དོན་གྱི་དཀའ་བའི་གནས་མཐའ་དག་ལ་དྲང་བ་དང་ངེས་པའི་དོན་ལས་བརྩིས་པའི་འབེལ་བའི་གཏམ་གྱིས་དུས་འདའ་སླར་མཆུའི་ཟླ་བའི་ཚེས་ཅིག་གི་ཉིན། ཐམས་ཅད་མཁྱེན་པའི་གསུང་གིས་ངེད་ལ་ཚེ་བརྟན་པའི་རྟེན་འབྲེལ་དུ། རྗེ་ཉིད་ཀྱི་ཐུགས་དམ་གྱི་མཐིལ་དུ་གྱུར་པའི་ཚེ་དཔག་མེད་ཀྱི་དབང་བསྐུར་བ་ཞིག་གནང་དགོས་་ཕེབས་པ། མ་ཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་མེད་ནང་སྒྲུབ་ལྷ་བཅུ་བཞིའི་དབང་རས་བྲིས་ཀྱི་དཀྱིལ་འཁོར་ལ་རྟེན་ཏེ་ཕུལ། དེ་ཉིན་རྗེ་སྒམ་པོ་མཁན་ཆེན་པ་དང། བདག་ཅག་ལ་སོགས་དྲུང་ན་འཁོད་པ་ལས། དབང་པ་པོ་རྣམས་ནི་མཇལ་བའི་ཚེ་ཆོས་ཀྱི་བཀའ་མཆིད་ཁོ་ནས་དུས་འདའ་བར་མཛད་པས། ཐམས་ཅད་མཁྱེན་པས་འབེལ་གཏམ་འདི་སྐད་གསོལ་ཏེ། ཀུན་མཁྱེན་ཇོ་ནང་བའི་བཞེད་པ་ལྟར་ན། མདུན་གྱི་ཀ་བ་འདི་ལྟ་བུ་མེད་པའམ་ཟད་པར་འགྱུར་བའི་དུས་མི་སྲིད་པ་འདྲ་ལགས་ཞུས་པ་ལ། དེའི་རྒྱུ་མཚན་ཅི་ལགས་གསུངས་པས། ཐམས་ཅད་མཁྱེན་པས། ཀ་བ་འདི་ལྟ་བུ་ཞིག་ཁོ་རང་ཀུན་རྫོབ་ཏུ་རང་གྲུབ་པའི་དུས་སུ་ནི། ངོ་བོ་ཀུན་རྫོབ་པའི་ངོ་བོར་གནང་བཞིན་པ་དེ་ཡིན། ཁོ་རང་བཞིན་