R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༦ན-༤༤༡
[A:༡༢༦ན-༤༤༡] ༄༅། །པ་ལྟར། རྣལ་འབྱོར་ཡན་ལག་དྲུག་ལ་སོགས་པའི་ལམ་བསྒོམས་པའི་རྣལ་འབྱོར་མི་རྟོག་པའི་ཏིང་ངེ་འཛིན་ལ་སྤྲ་ཕབ་པའི་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བར་འཆར་ཞིང། དེ་བཞིན་དུ་ལུས་ཅན་གྱི་སྐྱེས་བུ་རྣམས་ནམ་འཆི་བའི་ཚེ་ཡང། རླུང་སེམས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡང་དོན་དམ་པའི་སྲིད་པ་གསུམ་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་སྙིང་པོའི་ཚུལ་དུ་བཞུགས་ཤིང། སངས་རྒྱས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚེ་ཡང། རྣམ་པ་ཐམས་ཅད་པར་འཚང་རྒྱ་བ་ཡིན་ཏེ། མདོ་ལས། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་དབུ་མར་འདུས་ཤིང། ལས་བཟང་ངན་གྱི་རྐྱེན་སྣ་ཚོགས་པ་མངོན་སུམ་སོང་བའི་དབང་གིས་འོད་གསལ་གྱི་རྣམ་པའང་སྣ་ཚོགས་པ་ངང་གིས་འཆར་ཞིང། དེ་ཉིད་སྔར་འོད་གསལ་ཕྱག་རྒྱ་ཆེན་མོའི་ལམ་སྦྱོར་བ་ཡན་ལག་དྲུག་ལ་སོགས་པའི་ལམ་ལ་གོམས་པའི་རྣལ་འབྱོར་པས་རང་ངོ་ཤེས་པ་ན་འོད་གསལ་བ་ལ་རྒྱུན་དུ་གནས། བར་དོའི་གྲོང་ཁྱེར་དེས་མི་མཐོང། ཞེས་གསུངས་པ་ལྟར་འོད་གསལ་མ་བུ་འཕྲོད་པའི་ཚུལ་གྱིས་འབྲས་བུའི་དུས་སུ་འཆི་བ་ཆོས་སྐུར་སངས་རྒྱས་ཏེ། གཟུགས་སྐུ་གཉིས་ཀྱི་སྣང་བ་བསྟན་ནས་གདུལ་བྱའི་དོན་བྱེད་པར་འགྱུར་ཏེ། ཨཱརྱ་དེ་བའི་བདག་བྱིན་གྱིས་བརླབ་པ་ལས། སའི་ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པ་སྟེ། །མེ་ནི་རླུང་ཕྲའི་ཁམས་ལའོ། ། རླུང་ནི་སེམས་ལ་