R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༩ན-༤༤༧
[A:༡༢༩ན-༤༤༧] ༄༅། །གྲུབ་པའི་མདོར་བསྡུས་ལས་ལྐོག་ཏུ་གྱུར་བའི་དོན་ཡང་དག་པར་ཇི་ལྟར་འབྱུང་བ་བཞིན་གྱི་ས་ཐོབ་ལུགས་ལས་ས་བཅུ་པའི་དོན་དུ་གྱུར་བའི་རྟགས་ཇི་ལྟ་བ་བཞིན་དུ་སྣང་ཞིང། ས་རྣམས་རིམ་གྱིས་བགྲོད་པའི་རྨི་ལམ་གྱི་ལྟས་ཀྱང། གསེར་འོད་དམ་པ་ལས། བྱང་སེམས་ཀྱི་ས་དང་པོའི་སྔ་ལྟས་ནི། རྨི་ལམ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཏེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་གང་བར་མཐོང་ངོ་། །དེ་བཞིན་དུ་སྦྱར་ཏེ་གཉིས་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལག་མཐིལ་ལྟ་བུར་གྱུར་པ་ལ་རིན་པོ་ཆེ་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ལེགས་པར་བརྒྱན་པ་མཐོང་ངོ་། །གསུམ་པའི་བདག་ཉིད་དཔའ་ཞིང་ལག་ཆ་དང་གོ་ཆ་དང་གོ་ཆ་སྲ་བ་ཐོགས་ནས་ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བར་མཐོང་ངོ་། །བཞི་པའི་ཕྱོགས་བཞི་ནས་རླུང་གི་དཀྱིལ་འཁོར་བཞིས་ཐམས་ཅད་དང་ལྡན་པའི་དཀྱིལ་འཁོར་ལ་མེ་ཏོག་སྣ་ཚོགས་ཀྱིས་མངོན་པར་འཐོར་བ་མཐོང་ངོ་། །ལྔ་པ་ནི་བརྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་ཀྱིས་མགོ་ལ་མེ་ཏོག་ཙམྤ་ཀའི་སྤྲོད་པ་འདོགས་པ་མཐོང་ངོ་།།དྲུག་པའི་རྫིང་ཐེམ་སྐས་བཞི་དང་ལྡན་པ་གསེར་གྱི་བྱེ་མ་བརྡལ་བ་རྙོག་མ་མེད་ཅིང་དངས་དྭངས་ལ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ་ལ་མེ་ཏོག་ཨུཏྤལ་དང་ཀུ་མུ་ཏ་དང་པདྨ་དཀར་པོའི་ཆུ་མཐོང་སྟེ། དེ་ལ་བདག་ཉིད་རྩེ་དགའ་ཞིང་དགའ་མགུར་ཡོངས་སུ་སྤྱོད་པ་མཐོང་ངོ་། །བདུན་པ་ནི་ཕྱོགས་གཡས་