R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༧ན-༤༨༣
[A:༡༤༧ན-༤༨༣] ༄༅། །ངེད་ཀྱང་རང་གི་ལས་ཀྱི་ལྷག་མ་བདག་གིར་བྱེད་པ་ཡིན་ནོ་ཞེས་གསུང་ཞིང་ཅུང་ཟད་བསྙུན་པའི་ཚུལ་སྟོན་པར་གྱུར་ཏོ། །དེ་ནས་སྐབས་སྐབས་སུ། རི་ར་བ། ཁང་ཁྱིམ། ལུས་ཀྱི་རྣམ་པ་སོགས་ཀུན་རྫོབ་གྱི་ཆོས་འདི་རྣམས་གཏན་མི་སྣང་བར་རེ་རང་ཡོང་གིན་འདུག་གསུང་བ་དང། ཡང་ཟླ་བ་དེའི་ཚེས་བཅུ་བཞིའི་ཐོ་རངས། སྐད་ཅིག་གིས་བཞེངས་ཏེ། ཆོས་རྣམས་ཀུན་གྱི་དེ་ཉིད་གཟིགས། །ཞེས་པ་ལ་སོགས་པའི་རྗེ་བཙུན་གྱི་བསྟོད་པ་དེ་ཉིད་གསུང་གི་གདངས་ཆེན་པོས་འདོན་པ་དང། ལྗགས་མཚལ་གྱིས་ཕྱག་ཞབས་ཐམས་ཅད་ལ་བྱུག་པའི་ཚུལ་གནང་གི་འདུག་པ་ལ། དེ་ལྟ་བུ་ཙམ་ལགས་ཞུས་པའི་ཚེ། ད་ལྟ་རྗེ་བཙུན་གྲགས་པ་རྒྱལ་མཚན་དངོས་སུ་བྱོན་པའི་གསུང་ལས། ཡན་ལག་ན་བ་ལ་གསང་སྔགས་རྒྱ་མཚོ་མ་བཟློས་ལ་མཆིལ་མ་བྱུགས་པ་དང། དེ་ཡིས་སེལ་བར་འགྱུར་རོ་ཞེས་གསུང་བ་ལྟར་གྱིས་པས་ཤིན་ཏུ་ཕན་པར་བྱུང། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་ཐུགས་རྗེ་འདི་རང་གཞན་དང་མི་འདྲ་བ་འདུག་གསུང། ཡང་ཚེས་བཅོ་ལྔའི་ཚ་རྟིང་མའི་ཐོག། ཁྱེད་རྣམས་ཀྱིས་མཆོད་པ་རྒྱས་པར་བཤམས་ཤིག། ཁྱེར་རང་རྣམས་ཀྱང་ཚོགས་རྫོགས་པ་ཡིན་མོད་ཅེས་ཕེབས་པའི་ཚེ། བདག་ཅག་དྲུང་ན་འཁོད་པ་རྣམས་ཀྱིས་མཆོད་པའི་རྣམ་གྲངས་རྒྱས་པར་བཤམས་པ་ན། རྗེ་ཉིད་ཕྱག་རྒྱའི་་རྣམ་འགྱུར་དུ་མ་དང་བཅས་ཏེ་ཡན་ལག་