[B:5a] ཆོས་ཀྱི་རྗེས་སུ་འབྲང་བའི་རིགས་སད་དེ་མཛད་པ་ཐམས་ཅད་ལ་ཐུགས་ཀྱིས་ངེས་པར་བརྟགས་ཤིང་དཔྱད་པ་སྔོན་དུ་འགྲོ་བ་ཡིན་ཏེ། དེ་ཡང་དང་པོ་རྩེ་ཐང་དུ་གྲ་སྐོར་མཛད་པའི་རྗེས་དེ་ལ་ད་དེ་མདུན་མ་ཇི་འདྲ་ཞིག་མཛད་པ་ལེགས་དགོངས་ནས་ཐུགས་ཀྱི་དཔྱོད་པ་ཧུར་ཐོན་པ་འཁྲུངས་ཏེ། ཁ་ཅིག་སློབ་གཉེར་བྱེད་པར་འདུག ཁ་ཅིག་ནོར་སྒྲུབ་པར་འདུག ཁ་ཅིག་དཔོན་ལ་རྟེན་ནས་མི་ཚུགས་སྒྲུབ་པར་འདུག་སྟེ། ད་ངས་ནོར་ཡང་མི་སོགས། ལུས་ལ་ཤེད་མོང་མེད་པས་དཔོན་ཅིག་ལ་རྟེན་པའི་མི་གཡོག་ཀྱང་མི་ཕེར་བས། དཔེ་ཆ་ཤོག་གུ་ཁ་ཡར་རེ་ལྟ་བ་འདི་འོང་ཡང་འོང་། ལེགས་ཀྱང་ལེགས་པར་འདུག་པས་ཐག་རྦད་དེ་བཅད་པ་ཡིན་དུས་ཕྱིས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་སེམས་ཀྱི་ཐག་ཆོད་དེ་ཁོ་ན་ལས་བྱུང་བ་ཡིན། དེ་ནས་རེས་བརྩོན་འགྲུས་ཆེན་པོ་མ་བརྩམས་པར་སོས་དལ་དུ་ལུས། རེས་དུམ་རེ་ལྟ་རྟོག་བྱས་ཏེ་སེམས་དེ་གཅིག་པུའི་དྲིན་གྱིས་ཡོན་ཏན་ཐམས་ཅད་བྱུང་བ་ཡིན་པས་ཁྱེད་རང་རྣམས་ཀྱང་ཅི་འོང་ལེགས་པར་སེམས་དགོས་པ་ཡིནཞེས་གསུང་ངོ་།
༦ མཁས་ཤིང་གྲུབ་པའི་སྐྱེས་བུ་དྲུག་བཅུ་རྩ་དྲུག་ལ་བརྟེན་ནས་ཐོས་བསམ་ཕྱོགས་མེད་དུ་མཛད་པ་ནི།
རབ་ཏུ་བྱུང་ནས་ལོ་གསུམ་གྱི་བར་དུ་དབྱར་ཡུམ་གྱི་ལས་གྲོགས་རེ་ཙམ་མཛད་པ་མ་གཏོགས་སྤྱན་གཡས་སུ་ཁུ་བོ་སློབ་དཔོན་སང་གྲགས་པའི་སར་བཞུགས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལ་ཐུགས་ལེགས་པར་སྦྱངས། སློབ་དཔོན་ཤེས་རབ་དར་བ་ཞེས་བྱ་[A:11]བའི་སྐྱེས་བུ་དམ་ཁྲོ་རྣལ་འབྱོར་ཡན་ལག་དྲུག་པ། སྐུ་ཉམས་སུ་བཞེས་པ་དེ་ལའང སྤྱོད་འཇུག་གསན། དེ་དུས་དབང་གྲགས་པ་རྒྱལ་མཚན་བསྙེལ་བའི་སྐུ་རིམ་ལ་སྤྱན་གཡས་པ་རྣམས་ཀྱི་ཕོགས་བླངས་ནས་སྨན་བླ་མང་དུ་གཏོང་དགོས་བྱུང་བས་དང་པོར་ཚར་ཁ་ཡར་ཅིག་དཔེ་ཐོག་ནས་བཏང་པས་ཐུགས་ལ་ཟིན་ནས་སློབ་དཔོན་སང་གྲགས་པའི་དབོན་པོ་འདི་ཤེས་རབ་ཅན་ཞིག་འདུག་ཅེས་གྲགས། སྟོན་པ་དབང་འོད་ན་རེ་དྲུང་པ་འདི་དང་པོ་ནས་ཐུགས་རབ་ཆེ་བ་རང་ཅིག་ཡོད་པ་ཡིན། ངེད་བཙུན་ཆུང་ཚེས་གྱི་དྲོ་སྐྱོ་བསངས་བྱས་ནགླ་ཁྱམས་སུ་ཕྱིན་པས་ཁྱམས་ཀྱི་རྩིག་ངོས་ལ་ཤེས་རབ་སྙིང་པོ་བྲིས་ཡོད་པ་དེ་བཀླགས་པས་དྲུང་པ་འདི་ན་རེ། ཧ་ཧ་ངས་བློ་ལ་