R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 60a
[B:60a] ཅིང་དེའི་ཞབས་ཏོག་ག་ན་འགྲུབ་གསུངས་པས་ཆོས་རྗེ་ལོ་ཆེན་པ་ཁོང་རྒྱུ་ཆུ་ལྷུག་པ་ཅིག་བྱུང་བ་ཡིན་གསུང་། ཡོས་ཀྱི་ལོ་ལ་ཆོས་རྗེ་རིན་པོ་ཆེ་ལོ་ཆེན་པའི་ཞལ་སྔ་ནས་ལ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་བཤད་པ་དང་སེམས་འགྲེལ་སྐོར་རྣམས་གནང་། འབྲུག་ལོ་ལ་ལྗང་ཕོ་བྲང་དུ་བཞུགས་ནས་ཆོས་རྗེ་རིན་པོ་ཆེ་ནམ་པའི་ཞལ་སྔ་ནས་དང་ཆོས་རྗེ་ལོ་ཆེན་པའི་ཞལ་སྔ་ནས་རྣམ་པ་གཉིས་གཙོ་བོར་གྱུར་པའི་ཕྱགས་ཕྱིར་སློབ་དཔོན་གཞོན་དབང་པ་ཡང་ཚུད་ནས་དཔོན་སློབ་གསུམ་ལ་གསང་འདུས་འགྲེལ་པ་སྒྲོན་གསལ་གྱི་བཤད་པ་དང་རིམ་སྔ་སྤྱོད་བསྡུས་རྣམས་གནང་སྟེ། དེའི་ཚེ་ངས་ཁོང་གཉིས་ལ་རིན་པོ་ཆེ་ལྟ་བུའི་གང་ཟག་ཏུ་ངོས་བཟུང་ནས་ངེས་དོན་གྱི་བཤད་པ་བྱ་རྒྱུ་ཐམས་ཅད་བྱས་པ་ཡིན། ངེས་དོན་གྱི་ཆོས་སྐད་ཞིབ་མོ་རྣམས་གཞན་དུ་དེ་ཙམ་ཁྱབ་བརྡལ་ནས་བཤད་པ་མེད་གསུང་། དེ་རེས་སྔར་མ་གསུངས་པའི་ཆོས་མང་དུ་གསུངས་ཡོད་པར་འདུག་ཟེར་བའི་གཏམ་ཡང་ཡོད། དེའི་དབྱར་ནས་གདན་ས་ཐེལ་དུ་ཕེབས་ཁྲི་ཁང་འོག་མར་བཞུགས་ཏེ་གནས་འདི་[A:142]གཉིས་སུ་ཡེ་ཤེས་ཞབས་ལུགས་དང་། གསང་སྙིང་འགྲེལ་པ་ལམ་རྣམ་བཀོད་ཀྱི་བཤད་པ་རྒྱས་པ། གཡུང་སྟོན་པའི་ཊི་ཀ་དགོངས་འདུས་ལ་སོགས་པའི་གསང་སྔགས་རྙིང་མའི་སྐོར་མང་པོ་དང་བཅས་པ་ལེགས་པར་གསུངས། དེའི་སྟོན་མཇུག་ཡིད་བཟངརྩེར་རྩེ་ཐང་གི་སྡེ་སྣོད་འཛིན་པ་ཤིན་དུ་མང་བ་ལ་མངོན་རྟོགས་རྒྱན་འགྲེལ་ཆུང་དང་བཅས་པའི་བཤད་པ་བརྒྱད་སྟོང་འགྲེལ་ཆེན་དང་ཉི་ཁྲི་སྣང་བ་གཙོ་བོར་བཟུང་ནས་རྒྱ་ཆེན་པོ་གསུངས། གསན་པ་པོ་ཐམས་ཅད་ཆོས་བགྲོ་བ་ལ་བརྩོན་པ་དང་ལྡན་པར་གྱུར། ཁྱད་པར་སྡེ་སྣོད་འཛིན་པ་ཆེན་པོ་ནམ་རིན་པ་དཔོན་སློབ་པས་ལེགས་པར་བརྩིས་པས་སྐབས་བཞི་པ་ཡན་ལ་མི་གཞན་དང་བཤད་སྲོལ་མི་གཅིག་པའི་གྲུབ་པའི་མཐའ་ཁྱད་པར་དུ་གྱུར་པ་ལྔ་བཅུ་རྩ་དྲུག་བྱུང་ཟེར། ཆོས་ཇ་སྐོལ་མཁན་ཡང་སུམ་བཅུ་ཙམ་བྱུང་། ཚད་མ་རིགས་ཐིགས་ཀྱི་བཤད་པ་ཡང་གནང་། སློབ་དཔོན་ནམ་མཁའ་ལེགས་པས་གསོལ་བ་བཏབ་ནས་དཔལ་མཁའ་སྤྱོད་པའི་ཆོས་དྲུག་ཆེན་མོ་གསུངས། དེའི་དཔྱིད་རིན་པོ་ཆེ་ཀུན་བཟང་རྩེས་