R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 61b
[B:61b] ཆེན་པོ་དཔལ་འབྱོར་རྒྱ་མཚོ་བ་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོ་ལ་གསང་འདུས་འགྲེལ་པ་སྒྲོན་གསལ་དང་། རིམ་སྔ་དང་སྤྱོད་བསྡུས་ཀྱི་བཤད་པ། ཁ་[A:145]ཅིག་ལ་སྙིང་པོ་དོན་གསུམ་ཡང་གསུངས། དེའི་དགུན་ནས་ཆོས་སྡིངས་སུ་གཡུ་ལོ་བཀོད་པར་སྐུ་མཚམས་ཤིན་དུ་དམ་པར་མཛད་དེ་སྤྲེའུ་ལོའི་དཔྱིད་ཀྱི་བར་བཞུགས། སོས་ཀ་སྣེའུ་གདོང་རྩེར་ཕེབས་གོང་ནས་ཀྱི་བཞེད་པ་སྐོང་བའི་ཕྱིར་ཟླ་གཉིས་ཙམ་བཞུགས། དབྱར་རྩེ་ཐང་དུ་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་བརྒྱར་ཉེར་གཅིག་ལ་རྒྱུད་གསུམ་གྱི་གསང་བ་རྣམ་པར་ཕྱེ་བ་བཤད་པ་ཤིན་དུ་རྒྱས་པར་གསུངས་ཤིང་། དགེ་འདུན་རྣམས་ཀྱིས་ཀྱང་སྐྱར་ཆག་ལ་དོ་དམ་ཆེན་པོ་མཛད། ཆོས་དབྱིངས་བསྟོད་པ་གསར་འགྱུར་དང་། བཟང་སྤྱོད་སྨོན་ལམ་ལ་བཤད་པ་གནང་སྒྲོན་གསལ་པར་མ་ལ་འགྱུར་གསར་མཆན་དུ་བཏབ། ཟླ་བ་བརྒྱད་པ་ནས་པཎ་ཆེན་རིན་པོ་ཆེ་སྤྱན?སྤྱད་འདྲེན་དུ་གཙང་ཕྱོགས་སུ་ཕེབས་པའི་ལམ་དུ་ཆོས་འབྲེལ་མང་དུ་གསུངས། བྱ་ལོའི་དབྱར་ར་ལྔ་རབ་འབྱམས་པ་དཔལ་འོད་ལ་སོགས་པ་ལ་མཚམས་སྦྱོར་ལྔ་པའི་ས་རིས་བཏང་། གླིང་དཀར་ཆོས་མཛད་པ་ལ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་སེམས་ཙམ་ལུགས་དང་དབུ་མ་ལུགས་གཉིས་ཆོས་རྗེ་རྒྱལ་སྲས་པའི་ཆོ་གའི་སྟེང་ནས་དབོག་པར་མཛད། ཆུ་མོ་བྱའི་ཟླ་བ་བཅུ་པ་ལ་རྩེས་ཐང་དུ་ཕེབས། དེའི་ཚེ་གླང་ཐང་སྤྱན་སྔ་ཀུན་དགའ་རྡོ་རྗེ་བ་ལ་གསང་འདུས་སྒྲོན་གསལ་གནང་ཞིང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་སུ་གནང་བ་མཛད། ཁྱི་ལོའི་སྟོན་མཇུག་སྐྱམ་འཆད་པ་སྟེངས་སྟེངས་སུ་ཆོས་རྗེ་རིན་པོ་ཆེ་ནམ་པའི་ཞལ་སྔ་ནས་གསོལ་བ་བཏབ་ནས་བསླབ་པ་ཀུན་ལས་བཏུས་པ་དང་། སྤྱོད་འཇུག་གི་བཤད་པ་ཡང་གནང་། དེའི་དགུན་མཇུག་ཆོས་ཀྱི་རྗེ་རིན་པོ་ཆེ་སྤྱན་སྔ་དཔལ་ངག་གི་དབང་ཕྱུག་གདན་ས་ཐེལ་གྱི་ཁྲི་ཐོག་ཏུ་སྤྱན་དྲངས་པའི་མོ་ལ་བ་མཛད། དྲུག་བཅུ་རྩ་བཞི་པ་ཤིང་མོ་ཕག་གི་དཔྱིད་སྐྱམ་གྱི་འཆད་པ་སྟེངས་སུ་དཔལ་ཀུན་བཟང་རྩེ་པ་གཙོ་བོར་གྱུར་པའི་དགེ་འདུན་སུམ་[A:146]བཅུ་ཙམ་ལ་གསང་འདུས་འགྲེལ་པ་སྒྲོན་གསལ་གྱི་བཤད་པ་དང་། སོས་ཀ་བེའུ་བུམ་སྔོན་པོ་གསུངས། དབྱར་རྡོ་རྗེ་འཛིན་པ་རྡོར་བཟང་པ་དང་། སྡེ་སྣོད་འཛིན་པ་བློ་གྲོས་སེང་གེ་དང་བསོད་ནམས་དཔལ་ལྡན་ལ་སོགས་པའི་མང་