[B:69b] སྐུ་སྐྱེ་ཡིན། ཁོང་འོ་རྒྱལ་ཡོད། དམ་པའི་ཆོས་ལ་སྦྱར་ན་ལེགས་པོ་འོང་བའི་དཔེ་ཡོད་གསུང་སྟག་རྩེ་ནས་གདན་དྲངས་ཐོས་བསམ་སྒོམ་གསུམ་ལ་སྦྱར། འབྲུག་གི་དཔྱིདཆོས་རྗེ་འབྲུག་པ་གསང་འདུས་གསན་པར་བཞེད་དེ། དྭགས་པོ་སྒམ་པོ་ནས་ཞུ་བ་འབུལ་བྱུང་བས་ཞལ་གྱིས་བཞེས་པས་ཚེགས་མེད་དུ་ཕེབས། གསང་འདུས་སྒྲོན་གསལ་གྱི་བཤདཔ་ལེགས་པར་གནང་། དེ་རྗེས་རྒྱུད་བླ་གཞུང་རྐྱང་དང་། དབང་མདོར་བསྟན་པའི་བཤད་པ། དབོན་ཤེར་འབྱུང་གི་བསྡུས་པའི་དགོངས་གཅིག་གི་རྩ་བའི་བཤད་པ་རྣམས་སྩལ། [A:164]གཞན་ཡང་དངོས་སུ་མ་མཇལ་ནའང་གསུང་ཐོས་ཀྱི་ས་ནས་ཆོས་འབྲེལ་མང་དུ་གནང་། དེའི་དབྱར་འཁྲུལ་སེལ་གྱི་རྩིས་འཕྲོ་ཚོལ་བའི་ས་རིས་ཤིན་དུ་མང་བར་མཛད། དེའི་དགུན་ཆོས་རྗེ་རིན་པོ་ཆེ་ལོ་ཆེན་པའི་ཞལ་སྔ་ནས་ཕྱག་འབུལ་དུ་ཕེབས་པ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ་པའི་རིམ་པ་གསུངས། ཆོས་རྗེ་སྤྱན་སྔ་རིན་པོ་ཆེ་བསྙེན་པར་རྫོགས་པའི་མཁན་པོ་མཛད། ཆོས་རྗེ་རིན་པོ་ཆེ་ནམ་པའི་ཞལ་སྔ་ནས་ཀྱིས་གསོལ་བ་ནན་ཏན་དུ་བཏབ་པའི་ངོར་ཤ་བ་རའི་གཞུང་ཆུང་ལ་བརྟེན་ནས་ལམ་ཡན་ལག་དྲུག་པོ་ཟུང་འཇུག་འབའ་ཞིག་གིས་བགྲོད་པའི་ཁྲིད་ལུགས་དང་། དུས་ཞབས་སྙན་རྒྱུད་ད་དང་། བཀའ་འབུམ་གྱི་ལུང་ལ་སོགས་པ་མང་པོ་གནང་། སྦྲུལ་ལོའི་སོས་ཀ་རྒྱུད་བླའི་ཊི་ཀ་ཆེན་པོ་བརྩོམ་པར་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ་རྩོམ་པ་ལ་ཟུག་པའི་ཉིན། གཟིམས་ཁང་ནང་ན་དཔོན་སློབ་གཉིས་ལས་མི་བཞུགས་པ་ལ་ས་གཡོ་བའི་ཆོ་འཕྲུལ་ཆེན་པོ་བྱུང་། གཞན་སུས་ཀྱང་མ་ཚོར་བར་འདུག ཟླ་བ་བཞི་པ་ལ་ཟུག་ནས་བརྒྱད་པའི་ཚེས་བཅོ་ལྔ་ལ་ལེགས་པར་གྲུབ། སྤྱན་གྱིས་ཉིན་ནུབ་དགོངས་པ་ཙམ་ལས་མེད་ཀྱང་བཤད་པ་དང་ལུང་འདྲེན་ལ་སོགས་པ་ཐམས་ཅད་སྔར་སྤྱན་གྱིས་གཟིགས་པ་བས་ཚེགས་ཆུང་ཞིང་རྒྱས་པས། ཐམས་ཅད་ངོ་མཚར་དུ་གྱུར་པས་མཚོན་ཏེ། རྩོམ་པ་གང་གནང་ནའང་། སྔ་གཟིགས་ཞིབ་མོ་དང་འགྲེལ་བ་སོགས་ཇི་ལྟར་མཛད་པའི་དོན་ཐུགས་བསམ་གྱིས་གཏན་ལ་ཕབ་རྗེས། ལུང་འདྲེན་གྱི་སྐབས་སོ་སོར་ཁོལ་འདོན་གནང་རྟིང་། ཡི་གེ་ཅི་ཙམ་ཟིན་པ་ལྟར་ཞལ་ནས་སྤོད་བ་མ་གཏོགས། རྩོམ་སྟན་གྱི་