R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 15a
[B:15a] དགེ་བ་བྱ་བ་སྟོན་ཁ་དགེ་བ་བྱེད་པས་སྟོན་དགེ་བ་ཟེར་བ་ཡིན་པ་འདྲ་གསུངས་བས་སྟོན་ཁར་སོང་བ་དང་སྟོན་དགེ་བ་གཤེགས་པ་ལ་སོགས་མང་དུ་ཡོད་གསུང་། འབེལ་གཏམ་མང་དུ་གནང་ཞིང་ཐུགས་དགྱེས་པ་ཅིག་བྱུང་། སྐུ་མདུན་དུ་ཡང་ཡང་ཤོག་གསུང་ནས་ཇ་མང་དུ་གནང་བའི་ལོ་རྒྱུས་ཀྱང་གསུང་། བྱང་ཆེན་དུ་བཞུགས་རིང་ཆེན་པོ་ལོ་ཙཱ་བའི་གཟིམས་ཁང་ནོར་བུ་གདེངས་ཀ་དང་ཆེན་པོ་ཤེར་འོད་པའི་སྤྱིལ་པོར་བཞུགས། སྐུ་ཡོན་ཐམས་ཅད་ཀྱང་ཚགས་སུ་ཆུད། གཟིགས་པ་ཙམ་གྱིས་ཚིག་རྣམས་ཀྱང་ཚེགས་མེད་དུ་བྱོན། བསམ་པ་[A:36]ལས་བྱུང་བའི་ཐུགས་རབ་ཀྱི་ཀློང་རྡོལ་བས་སྣར་ཐང་དང་བྱང་ཆེན་ལ་སོགས་སུ་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་དང་། མི་ཆེན་པོ་རྣམས་ཀྱི་ཐུགས་སུ་བབ་ནས་ཆེ་ཕྲ་ཐམས་ཅད་ཀྱིས་བཀུར་ཆ་ཆེན་པོ་མཛད་ཅིང་འབེལ་བའི་བཀའ་མཆིད་ཀྱིས་དུས་འདའ་བར་གྱུར། དུས་ཕྱིས་སུ་སོང་བའི་ཚེ་ཡང་གཙང་ཕྱོགས་ཀྱི་གྲ་པས་སྣར་ཐང་ཁོ་ན་ལ་ཐུགས་ཞེན་ཆེ། སྤྱིལ་པོ་རྣམས་དང་མིའི་མིང་རྣམས་ཀྱང་མི་མཁྱེན་པ་མེད་པ་འདྲ་བ་ཅིག་ཡོད། ཆོས་རྗེ་ལྷ་ཁང་སྟེང་པ་དེ་ཡར་ཀླུང་སྤྲུལ་སྐུའི་སྲས་ལ་རྙིང་མའི་སྐོར་རྣམས་ལེགས་པར་གསན་ནས་མཁས་པར་མཁྱེན་པ་ཅིག་བཞུགས་ཏེ། སྐུ་ན་བགྲེས་པས་ཞུ་བར་མ་སྤོབས། འཇུའི་མ་ཎི་མཁར་ན་སློབ་དཔོན་ལྷུན་པོ་ཞེས་བྱ་བ་སྲས་གཉིས་ཡོད་པ་ཅིག་བཞུགས་པ་དེས་དང་པོར་མཚན་ཉིད་ལ་སྦྱངས་ནས་ཕྱིས་སྲོང་བཙན་པའི་སློབ་མ་བྱས་ཏེ་རྙིང་མ་མཁས་པར་མཁྱེན་ཟེར་བས་རྙིང་མ་རྣམས་གསན་པར་བཞེད་ནའང་སྟབས་མ་འགྲིག དེ་ནས་ཐུགས་ཀྱི་བཞེད་པ་ཤིན་དུ་ཆེ་བར་བྱུང་བས་རྟ་ནག་ཏུ་ཆོས་རྗེ་སྒྲོལ་མ་པའི་དྲུང་དྲུ་ཕུ་གསུམ་པ་སངས་རྒྱས་བཟང་པོ་བྱ་བ་ལ་ཞུ་ཡིག་བསྐུར་ནས་བཏང་པས། བྱོན་གསུང་པའི་ཞལ་ཏ་བཟང་པོ་བྱུང་སྟེ་དགུང་ལོ་ཉི་ཤུ་རྩ་བརྒྱད་བཞེས་པ་ཕག་ལོའི་
1419ལོ
དཔྱིད་དེ་རྟ་ནག་ཏུ་སྒྲོལ་མར་ཕེབས། སློབ་མ་གཉིས་ནི་སྤྱན་གཡས་ནས་སྟོན་པ་བསྟན་པ་འབུམ་གྲོགས་མཆེད་གཉིས་བསམ་གྲུབ་རྩེ་པའི་ཧོར་འདྲ་ལ་འོངས་པ་བཟློག་པར་མཛད་ནས་ཕྱག་ཕྱིར་སྲེལ་བ་ཡིན། ཆོས་རྗེ་སྒྲོལ་མ་བའི་དྲུང་དུ་མཇལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་། སྒྱུ་འཕྲུལ་གྱི་ཚེ་དབང་། དོང་སྦྲུགས་ཀྱི་