R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 25a
[B:25a] འདུས་པའི་རྒྱུད་ཕྱི་མ རྣམས་གསན། དེའི་ཆོས་གྲོལ་ནས་ལྷ་ས་ཇོ་བོའི་དྲུང་དྲུ་བྱིན་བརླབས་ཞུར་ཕེབས་པས། རྒྱ་དུར་ནས་སྤྱན་འདྲེན་གྱིས་སླེབ། ད་ཕེབས་པ་ཞུ་མཁན་པོ་བཞེས་པར ཡོད་ཟེར་བས་བྱོན། དེ་ན་ཡིན་ན་ཆུ་པོ་རིར་སླར་ཡང་མདོ་སྡེ་རྒྱན་གསན ཞིང་བཞུགས་པའི་དགོངས་པ་མཛད། བཟད་སྟོན་བློ་གྲོས་རྒྱ་མཚོ་བ་དེ་ཐུགས་དགྱེས་པར་བྱུང་ནས་ཕྱིས་ཚུར་ལ་དུས་འཁོར་གསན་པར་བཞེད་ནའང་ཅུང་ཟད་སྟབས་མ་འགྲིག་པ་ཡིན་ཞེས་ཀྱང་ཟེར། དེའི་དབྱར་ཤ་དེ་རྒྱ་དུར་གྱི་མཁན་པོ་གཏད། དེ་ནས་ང་སྐྱིད་པ་ཡིན། ང་རང་བསམ་ནའང་ད་དེ་ང་དགེ་བཤེས་ཁ་འདྲ་ཅིག་བསམ་པ་བྱུང་། ལར་རྒྱ་དུར་དེ་བར་ཆད་རང་དུ་བྱུང་། གང་གི་ཡང་རྟེན་འབྲེལ་མ་འགྲིག བཙུན་ཆུང་གཉིས་སློབ་གཉེར་བྱེད་ཟེར་བས་དེའི་རྒྱགས་སུ་གསེར་ཞོ་གང་གནང་བ་ལ། ད་དབང་མི་འཆོལ་བར་འདུག་ཟེར་ནས་སློབ་དཔོན་གཞན་གྱི་ཐད་དུ་བྲོས་པའང་བྱུང་། ང་རྒྱ་བོ་འདིའི་དུར་ཡིན་པས་རྒྱ་དུར་ཟེར་བར་འདུག་གསུང་། ལྕགས་མོ་ཕག་གི་ལོ་
1431ལོ
ལ་ཆོསརྗེ་སེམས་དཔའ་ཆེན་པོ་གྲ་ན་བཞུགས་པའི་སྐུ་མདུན་དུ་ཕེབས་ཏེ་གསང་འདུས་སྒྲོན་གསལ་རྗེའི་མཆན་མཐའ་གཅོད་དང་བཅས་པའི་སྟེང་ནས་བཤད་པ་ལེགས་པར་གསན། རྗེ་རིན་པོ་ཆེའི་བདེ་མཆོག་འགྲེལ་བ་དང་བདེ་མཆོག་ལཱུ་ཨི་པ་དང་གསང་འདུས་མི་བསྐྱོད་ངའི་མངོན་རྟོགས་ཀྱི་ལུང་ཡང་གསན། དེ་དུས་ཕྱགས་ཕྱིར་དགེ་སློང་སང་ཆོས་ཡོང། སེམས་དཔའ་ཆེན་པོའི་སྐུ་མདུན་དུ་གྲུབ་པའི་མཐའ་ཕྱོགས་མེད་ལ་འབེལ་གཏམ་མང་པོ་མཛད་པས་སེམས་དཔའ་ཆེན་པོའི་བཀའ་ལུང་ལ། བླ་མ་གཞོན་ནུ་དཔལ་འདི་གྲུབ་མཐའ་གང་མ་བྱས་ན་དགའ་བ་དེ་ཁ་བྱེད། དེ་ལ་ངེད་རང་གིས་རྒོལ་ན་ནི་ཁོང་འགྲམ་ཇེ་བཟང་ལ་འགྲོ་བར་འདུག་གསུང་། གསུང་[A:60]ཆོས་ཐོན་པའི་ཉིན་ཆོས་རྗེ་རང་གི་མཛད་པ་མདོ་ཙམ་ཞིག་གསུངས་ནས། རྗེ་རིན་པོ་ཆེ་དང་མ་མཇལ་ན་སྐོམ་དྲིལ་འཆི་བར་འདུག་པ། སྐུ་དྲིན་ལ་གསུང་ནས་སྤྱན་ཆབ་མང་དུ་འབྱོན་གྱི་འདུག་གསུང་། དེ་ནས་སྤྲེའུ་ཞིང་དུ་རིན་པོ་ཆེའི་དྲུང་དུ་ཕེབས་ནས། མཚན་བརྗོད་ཕན་ཡོན་དང་བཅས་པ། རྣམ་སྣང་སྒྱུ་དྲ།