R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 27a
[B:27a] འོན་ཀྱང་ད་དུང་གཞི་མེད་དུ་མ་དྭངས་ནས་རང་ཉིད་ཀྱི་ཐུགས་ལས་བྱོན་པའི་མན་ངག་ཉམས་སུ་བཞེས་པས་སྣང་བ་ལའང་ཁྲོག་ཟེར་བ་འདྲ་ཞིག་བྱུང་། དེ་ནས་གཞི་མེད་པར་ཕན་སོང་གསུང་། དེ་རྗེས་པཎ་ཆེན་ནགས་ཀྱི་རིན་པོ་ཆེ་སླར་ཡང་བོད་དུ་ཕེབས་ཏེ་རྩེས་ཐང་དུ་དགེ་བའི་བཤེས་གཉེན་མང་པོ་ལ་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་གནང་བ་གསན་ཞིང་། མི་གཡོ་བླ་མེད་ཀྱི་དབང་ཡང་ཞུས། འབྲུག་ལོའི་དབྱར་པཎ་ཆེན་རིན་པོ་ཆེ་བསམ་ཡས་མཆིམས་ཕུར་བཞུད་པའི་ཕྱག་ཕྱིར་ཕེབས་ནས་བཞུགས་ཏེ་དབང་མདོར་བསྟན་པའི་འགྲེལ་པ་སཱ་དྷུ་པུ་ཏས་མཛད་[A:64]པའི་འགྱུར་མཛད། བླ་མ་དཔལ་འབྱོར་བས་ཞུས་ནས་དཔལ་མངོན་པར་རྟོགས་པ་གསུངས་པ་ཡང་གསན། ཉིན་ཅིག་གླ་བ་གཅིག་ནགས་གསེབ་ན་འདུག་པས་ཀ་སྟུ་ར་ཞུས་པས་པཎ་ཆེན་གྱིས་གང་ན་གང་ན་གསུང་ནས་མགྱོགས་པར་བཞེངས་བྱོན་ཏེ་ལེགས་པར་གཟིགས་ཤིང་འདུག་གསུང་། དེར་ཡང་དྲི་བ་དང་འབེལ་གཏམ་མང་དུ་ཞུས། དེ་ནས་པཎ་ཆེན་དཔོན་གཡོག་ལྷན་དུ་རྒྱལ་བཟང་དུ་ཕེབས་པའི་ཕྱགས་ཕྱི་མཛད་དེ་རྗེས་སྐུ་གྲིབ་ལ་རྟེན་ནས་སྐུ་ཁམས་ཤིན་ཏུ་སྙུང་བ་ཡུན རིང་བར་བྱུང་། ནུབ་ཅིག་མནལ་ལམ་དུ་འོན་གྱི་དཔལ་རི་འདྲ་བ་ཞིག་གི་གློ་ན་མི་མང་པོ་འདུག དེ་རྣམས་ཀྱི་ཁྲོད་ན་མར་ཕེབས་པས་ཕྱག་ན་མི་མགོ་ཅིག་འདུག་པ་ལ་ཅི་ཡིན་དགོངས་པའི་ཚེ་སྐུ་རྒྱབ་ནས་གྲིབ་གཟུགས་འདྲ་བ་ཞིག་ན་རེ། འདི་ཁྱེད་རང་ལ་གནོད་པ་དེའི་མགོར་འདུག་ཟེར། ལེགས་པར་གཟིགས་པས་བན་དེའི་མགོ་རྒྱུངས་པ་ཙ་ར་བ་ཞིག་འདུག་པ་རྨིས། དེ་ནས་དྭངས་པའི་མགོ་ཚུགས་པ་ཡིན་གསུང་། དེ་རྗེས་ཆོས་རྗེ་པཎ་ཆེན་རིན་པོ་ཆེ་སྣེའུ་གདོང་དུ་བཞུགས་པའི་ཞབས་ཕྱིར་ཡང་ཡུན་རིང་བར་བཞུགས་ནས་འགྱུར་མང་དུ་མཛད། དང་པོ་སྒྲའི་ས་རིས་བཏང་ནས་བསམས་པས་