R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 3a
[B:3a] སོགས་པ་ཆོས་ཕྱོགས་ཀྱི་བྱ་བ་མང་པོ་ཞིག་བདག་གིས་བྱས་པ་ཡིན་སྙམ་པའང་ཡུན་རིང་བར་བྱུང་། [A:5]བྲག་རམ་དེར་ཡང་ངེས་པར་སྐྱེས་པ་འདུག་གསུང་། འཇི་ལྷ་ཁང་སྟེངས་སུ་བཞུགས་པའི་ཚེ་བླ་མ་བཀྲ་ཤིས་བསོད་ནམས་པ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག སྐྱེས་བུ་དམ་པ། དུས་ཀྱི་འཁོར་ལོ་ལ་སོགས་པའི་སྐུ་ཡོན་ཏན་ཤིན་དུ་ཆེ་བ། ཁྲིད་ཀྱིས་གདུལ་བྱ་སྨིན་པར་མཛད་པ་དེ་ལ་སོགས་པ་ལ་ཆོས་གསུངས་ཚེ་ཁོང་གི་གསུང་ནས་དྲུང་པ་བཅོམ་ལྡན་རིགས་རལ་ཡིན་སྙམ་དུ་ཡང་ཡང་ཉམས་ལ་འོང་བ་ཞིག་བྱུང་ཞུས་པར་འདུག་ཅིང་། བདག་གི་བླ་མ་མཚུངས་མེད་ནམ་མཁའ་བློ་གྲོས་ཀྱི་ཞལ་སྔ་ནས་ནི། ཁོ་བོའི་བླ་མ་དམ་པ་འདི་དཔལ་ཕག་མོ་གྲུབ་པ་དཔོན་སློབ་ཀྱི་སྐོར་དེ་ན་བཞུགས་པ་ཞིག་ཅིས་ཀྱང་ཡིན་བསམ་པ་ཡོད་གསུང་། ཆོས་རྗེ་རིན་པོ་ཆེ་ལོ་ཆེན་གྱི་ཞལ་ནས། མདོ་སྔགས་ཐམས་ཅད་ལ་མཁྱེན་པ་མཐའ་ཡས་ཤིང་། ལོ་ཙྭ་བྱང་བ་དང་དེའི་རྩོམ་པ་རྣམས་ལའང་དགྱེས་པར་སྣང་བས། ངེས་པར་རོང་ཟོམ་ཆོས་ཀྱི་བཟང་པོའི་སྐུ་སྐྱེ་ཡིན་པ་འདྲ་ཞེས་བདག་ལ་ཡང་ཡང་གསུངངོ་། ། མཁྱེན་པ་དང་མཛད་པའི་ཚུལ་གང་ལ་བརྟགས་ཀྱང་སྐུའི་སྐྱེ་བ་སྔ་མ་མ་མང་པོར་ངེས་པར་སྦྱངས་པ་ཆེན་པོ་མངའ་བ་ཞིག་སྟེ། རྡོ་རྗེ་འཛིན་པ་ཆེན་པོ་སློབ་དཔོན་རྡོར་བཟང་པ་ཞེས་བྱ་བའི་མི་ཕྱེད་པའི་དད་པ་དང་ལྡན་པ་དེ་ལ། ཞལ་སྔ་ནས། སློབ་དཔོན་པ་ཁྱེད་ངའི་ཡོན་ཏན་རྣམས་ལ་ཅི་སེམས་གསུང་། སྐུ་ཡོན་ཏན་ངས་དཔག་པར་ག་ལ་ནུས། སྐུ་སྐྱེ་འདི་ཁོ་ནར་སྦྱངས་པའི་སྐུ་ཡོན་ཡིན་བསམ་པ་ཅིག་མ་བྱུང་ཞུས་པས། ཧ་ཧ་དེ་སྐད་བྱས་ཆོག་པ་ལྟ་བུར་ཡང་འདུག ངས་རྒྱུད་བླ་མ་འདི་དང་པོར་བློ་ལ་བཟུང་སྟེ་ཟིན་པ་དང་གོ་བ་མཉམ་དུ་བྱུང་ནས་སློབ་གཉེར་གསར་དུ་བྱེད་མ་དགོས། དུས་ཕྱིས་སུ་སོང་ནས་ཀྱང་ཞིབ་ཆ་ཁ་ཡར་ལ་བློ་བསྐྱེད་ནི་བྱུང་། གཞན་དང་པོ་རང་ཤར་བ་དེ་བསྒྱུར་མ་དགོས་གསུང་། དེ་འདྲ་བའི་ཚུལ་གཞན་ཡང་མང་དུ་ཡོད་པ་འདྲ་ཞེས་སློཔ་དཔོན་སྨོན་[A:6]ལམ་གྲགས་པས། རྗེ་ཉིད་ཀྱི་གསུང་ཟིན་བྲིས་སུ་བཏབ་པ་ལས་བྱུང་ངོ་། ༣ སྐུའི་སྐྱེ་བ་འདིར་ཡང་ཁ་ན་མ་ཐོ་བ་མེད་པའི་རིགས་དུ་འཁྲུངས་པ་ཞེས་བྱ་བ་ནི། ཞལ་སྔ་ནས་ངེད་ཚོ་བོད་རྒྱལ་པོའི་བློན་པོ་འགོས་རྒན་གྱི་རྒྱུད་པ་ཡིན། འགོས་ཡུལ་འབྲིང་མཚམས་ནས་ཆད་པར་འདུག་གསུང་སྟེ། ཡབ་མེས་སྔ་མོའི་དུས་སུ?དུ་དབུས་སུ་ལྷགས་ནས། རྒྱ་སྨན་ཡང་པོ་སར་ཕེབས་ཏེ་ཡང་པོའི་ལྷོའི་གད་པ་