R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 36a
[B:36a] པའི་སྐུ་མདུན་དུ་མཇལ། དཔོན་སློབ་ཐམས་ཅད་ལ་སྣ་ལེན་བཟང་པོའང་བཤམས། པཎ་ཆེན་གྱིས་མཛད་པའི་ཤ་བ་རིའི་བསྟོད་པ་ཡང་བསྒྱུར། དེ་ནས་ལ་སྟོད་བྱང་དུ་ལོ་ཙཱ་བ་མཉྫུ་ཤྲི་མ་ཕེབས་ཀྱི་བར་དུ་པཎ་ཆེན་ཆོས་གསུང་བ་དང་དབང་བསྐུར་བ་ལ་སོགས་པའི་ལོ་ཙཱ་ཡང་མཛད། ལ་སྟོད་ལྷོར་བདག་པོ་ལྷ་བཙན་སྐྱབ་པས་སྐྱེལ་ཐུང་ལ་རྒྱང་རིང་པོར་ཕེབས། ཡོན་མཆོད་འགྱེས་ཁར་ཁོང་གིས་ཐུགས་ལ་ལེགས་པར་བཏགས་པའི་སྟོབས་ཀྱིས་སྤྱན་ཆབ་མང་དུ་བྱོན། དེ་ནས་ལ་སྟོད་བྱང་གི་ངམ་རིང་དུ་ཡུན་[A:84]རིང་པོར་བཞུགས། མིའི་བདག་པོ་རྣམ་རྒྱལ་གྲགས་པ་ཞེས་བྱ་བའི་སྐྱེས་བུ་ཆེན་པོ་གསུང་རབ་ཐམས་ཅད་ལ་ཐོགས་པ་མེད་པའི་སྤྱན་ཅན་ཡབ་སྲས་པས། པཎ་ཆེན་རིན་པོ་ཆེ་ལ་ཐུགས་དད་པའི་སྟོབས་ཀྱིས་ཞབས་ཏོག་ཕུན་སུམ་ཚོགས་པར་མཛད། སྒོས་ཀྱི་ཁོང་གིས་སྐུ་མདུན་དུ་སྔགས་མཚན་ཉིད་རྩིས་སྒྲ་འཇིག་རྟེན་སྔ་རབས་པའི་ལུགས་གཉིས་ཀྱི་ལོ་རྒྱུས་ལ་སོགས་པའི་ཆོས་སྒོ་མཐའ་དག་ལ་དྲི་བ་མང་དུ་མཛད་པ་རྣམས་ལ་ལན་ཐོགས་མེད་དུ་བཏབ་པས་མིའི་བདག་པོ་གསུང་རབ་ཀྱི་སྤྱན་ཅན་དེ་ཡང་ཐུགས་རབ་ཏུ་དགྱེས། རབ་འབྱམས་པ་ཟེར་བ་ཡང་མང་པོ་ཡོང་བར་འདུག་སྟེ། རབ་འབྱམས་པ་རང་དེ་མཁན་ཆེན་པར་འདུག་གསུང་བ་ལ་སོགས་པའི་གསུང་གི་བསྟོད་པ་ཆེན་པོའང་མཛད། བཞུགས་སྟན་ལ་སོགས་པའི་བཀུར་ཆ་ཆེ་བར་མཛད། འཕྲལ་གྱི་ལོངས་སྤྱོད་རྣམས་ཀྱང་ལྷུགས་པར་བཏང་བ་ཡིན་ནོ། མཁན་ཆེན་པའི་འཕྲལ་གྱི་གསུང་རྣམས་ཡི་གེར་བཏབ་ན་ཆོས་འབྱུང་ཆེན་པོ་ཅིག་འོང་བར་འདུག་གསུང་། ཡང་ཉིན་ཅིག་གང་ཟག་དེ་བཙུན་ཆེན་རང་ལགས་ཞུས་པས། ཁྱེད་གཟིགས་རྒྱ་ཆེ་ཡང་བཙུན་ཆེན་ཟེར་བའི་ཐ་སྙད་དེ་རང་གང་