[B:4a] བ་རྡོ་རྗེ་སྐྱིད། དེ་འོག་བུ་འདྲེན། དེ་འོག་རིན་ཆེན་སྐྱིད་རྣམས་སོ། ཆོས་རྗེ་རིན་པོ་ཆེ་ནི་སྲས་གསུམ་པ་སྟེ། རྒྱ་སྨན་ལྷ་ཁང་གི་མདའ་གྲོང་ནག་མོ། དེའི་ནང་ནས་ཀྱང་དབུས་ཁྱིམ་ཞེས་བྱ་བར་ཆུ་ཕོ་སྤྲེའུའི་ལོ་
སྤྱི་ལོ་1392
ལ་སྐུ་བལྟམས་པ། རིང་པོ་མ་ལོན་པར་ཡབ་ཀྱིས་ན་བཟས་བཏུམས་ནས་ཁུར་ཏེ་སྤྱན་གཡས་སུ་བྱོན་པའི་ལམ་རྩིག་ཁ་ཅིག་ཏུ་བཞུགས་སུ་བཅུག་ནས་ཡབ་ཀྱིས་ཁམས་བསང་བ་ཐུགས་ཀྱིས་དྲན། དེ་རྗེས་གཞན་ནི་མ་དྲན་པར་སྣང་ཡང་ཁམས་ཤིན་ཏུ་དྭངས་པ་ཡོད་པའི་རྟགས་སུ་འདུག་གསུང་། ཡབ་སྔ་མོ་ནས་མི་ལག་ཏུ་སོང་བས་ཡུམ་གྱིས་ལེགས་པར་བསྐྱངས། ཉིན་ཅིག་ཁང་པའི་ཐོག་ན་བཞུགས་པ་ལ་ཡུམ་གྱིས་ཕྱི་རོལ་ནས་རྩ་དུམ་ཅིག་ཁུར་ནས་ནང་དུ་བྱོན་པ་ལ་དགྱེས་ཆེས་ཏེ་རྒྱུགས་པས་ཁང་པའི་རྒྱ་མཐོངས་སུམ་བརྩེགས་ལ་སྦབ་ཏུ་ལྷུང་བ་ཡུམ་གྱིས་བར་སྣང་ནས་[A:8]བཟུང་བས་ཅི་ཡང་མ་ཉེས། སྤྱིར་མ་འདི་དྲིན་ཆེ། ཁྱད་པར་ངའི་མས་ངེད་རྣམས་བསྐྱངས། དེ་རེས་ཀྱང་བར་སྣང་ནས་མ་ཟིན་ན་འཆི་བར་འདུག དྲིན་ཆེ་ཞེས་ཡང་དང་ཡང་དུ་གསུང་བར་མཛད། སྐུ་ལུས་ངན་ཞིང་གཅོང་ཆེ་བ་ཞིག་ཡོད་པས་སྐུ་ཉེ་རྣམས་འདིས་འཇིག་རྟེན་ནི་མི་ཕེར་བར་འདུག་པས་བཙུན་པ་འཆོལ་ཟེར་བ་བྱུང་བས། དེ་དུས་གཅོང་ཆེ་བ་དེ་བསོད་ནམས་རང་དུ་བྱུང་། དེ་ནས་ཀློག་ལ་ཐུགས་སྦྱང་མཛད་ཅིང་དབྱར་ཐོག་འགའི་བར་དུ་ཕྱུགས་མ་སྐྱོང་དུ་རི་ལ་བྱོན་པས། ཉིན་གཅིག་རི་ཁར་ལྷམ་ཡ་གཅིག་སྟོར་བས། ཡུལ་ཞལ་ཚ་བའི་སྟོབས་ཀྱིས་འཐབ་ཀྱིས་དོགས་ནས་སང་ཞོག་ནང་དུ་འཚོལ་བ་སྐད་བྱས་པ། ཡུལ་གྱིས་གོ་ནས་འབར་དུ་བྱུང་གསུང་།
༤ རྒྱལ་བ་རྣམས་ཀྱི་རྗེས་སུ་ཞུགས་པ་ཡོངས་སུ་རྗོགས་པ་ཞེས་བྱ་བ་ནི།
དགུང་ལོ་དགུ་བཞེས་པ་འབྲུག་གི་ལོའི་1400
དཔྱིད་མཁན་ཆེན་རིན་པོ་ཆེ་སངས་རྒྱས་བསྟན་པ་ཞེས་བྱ་བའི་སྐྱེས་བུ་ཆེན་པོ། སྐུ་བཙུན་པའི་མཐར་ཐུག་པ། ཐུགས་རྒྱུད་བཟང་བ། བྱང་ཆུབ་ཀྱི་ཐུགས་ལེགས་པར་སྦྱངས་པ། རྒྱལ་སྲས་ཐོག་མེད་པ་ལ་སོགས་པའི་སྐྱེས་བུ་དམ་པ་མང་པོའི་ཞབས་ལ་གུས་པར་གཏུགས་པ། བཀའ་གདམས་ཀྱི་ཆོས་ལུགས་འཛིན་པ་དེ་སྤྱན་གཡས་དགོན་པའི་སློབ་