[A:125]དྲིན་ཤིན་དུ་ཆེའོ། །དེའི་དངོས་སློབ་ཁུ་རྔོག་འབྲོམ་གསུམ་ལ་སོགས། བཀའ་གདམས་པའི་རྒྱུད་འཛིན་སྡེ་དགོན་དར་རྒྱས་ཆེ་བར་བྱུང་ངོ་། །ཇོ་བོ་རྗེའི་གསུང་། ལོ་ཆེན་རིན་ཆེན་བཟང་པོ་རྣམས་ཀྱིས་བསྒྱུར་བ་ཡན་གྱི། སྔགས་མཚན་ཉིད་ཐམས་ཅད་ལ་སྔ་འགྱུར་ཞེས་གྲགས་སོ། །ཇོ་བོ་དེ་ཉིད་ནི་དགུང་ལོ་བདུན་ཅུ་རྩ་གསུམ་པ། ཤིང་ཕོ་རྟ་ལོའི་ཟླ་བའི་ཚེས་བཅོ་བརྒྱད་ལ་སྙེ་ཐང་ནས་དགའ་ལྡན་དུ་ཞི་བར་གཤེགས་སོ། ། གཅུང་སྲོང་ངེའི་སྲས། ལྷ་ལྡེ་དང་གནམ་ལ་འོད་ཆེན། ཨུ་པ་དང་གསུམ་བྱུང་ཏེ། ཡབ་སྲས་དེ་བས་ཁོ་ཆར་གྱི་ལྷ་ཁང་བཞེངས། པཎྜི་ཏ་པུནྱེ་ཤྲཱི་སྤྱན་དྲངས་སོ། །ལྷ་ལྡེའི་སྲས་འོད་ལྡེས་རྒྱལ་སྲིད་བསྐྱངས། ལྷ་བཙུན་བྱང་ཆུབ་འོད་དང་། གཅུང་འོད་ཟེར་གོ་ཆ་གསུམ་མོ། །ཡབ་སྲས་འདི་པས་པཎྜི་ཏ་ཤྲཾ་དྷ་ཀ་ར་ཝརྨ། དྷརྨ་པཱ་ལ། པདྨཱ་ཀ་ར་རྣམས་སྤྱན་དྲངས། དེ་རྣམས་ཀྱིས་གསུངས་པ་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར། འགོས་ཁུག་པ་ལྷས་བཙས་ལ་སོགས་ཀྱིས་བསྒྱུར་བ་མན་ནས། གསང་སྔགས་གསར་འགྱུར་ཞེས་པའི་འགོ་ཚུགས། གཅེན་པོ་འོད་ལྡེས། ཛྙཱ་ན་ཤྲཱི་སྤྱན་དྲངས། འོད་ལྡེའི་སྲས་མངའ་བདག་རྩེ་ལྡེའི་རིང་ལ། རྒྱ་གར་ན་མཁན་པོ་ཞི་བ་བཟང་པོ། མཁས་པ་ཛྙཱ་ན་ཤྲཱི། འཆི་མེད་ས་ར་ཧི་ཏ། པཎྜི་ཏ་གྷ་ཡ་དྷ་ར། བཙུན་མོ་ཅན། པཎྜི་ཏ་པུ་ནྱེ་ཤྲཱི། སུ་སིདྡྷི། པཎྜི་ཏ་སུ་མ་ཏི་ཀིརྟི། པཎྜི་ཏ་གཞོན་ནུ་འབུམ་པ། གསེར་གྱི་གོ་ཆ། བལ་པོ་བྷ་ལཎྚ། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་རྣམས་སྤྱན་དྲངས། དེ་རྣམས་ཀྱི་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། གཟུ་དགའ་རྡོར།གཞོན་ནུ་མཆོག ཆོས་སེང་། ཁྱུང་པོ་གྲགས་སེང་། གུ་རུ་རིན་ཆེན་གྲགས། འབྲོག་མི་ཤཱཀྱ་ཡེ་ཤེས། ཏིང་ངེ་འཛིན་བཟང་པོ། ཟངས་དཀར་འཕགས་པ་ཤེས་