R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 162
[A:162]སོ། །སྔགས་རྙིང་མའི་འགོ་ཡང་འདི་ཙམ་ནས་ཚུགས་པ་ཡིན། དེ་གོང་དུ་སྤྱིར་བོད་དང་། སྒོས་སུ་འཁོན་ལ་སྔགས་པ་དང་རབ་བྱུང་གི་ཐ་སྙད་མ་བྱུང་བར་འདུག་གོ །འཁོན་རྡོ་རྗེ་རིན་ཆེན་པས་འབྲོ་དགྲ་འདུལ་གྱི་བུ་མོ་འབྲོ་གཡང་ལོན་སྐྱིད་དེ་ཁབ་ཏུ་བཞེས་པ་ལ། སྲས་འབྲོ་ཚ་སྤུན་བདུན་བྱུང་ཏེ། འབྲོ་སྙན་རྩེ་བའི་གསོན་གཤིད་ཀྱི་ལྟད་མོ། ཉི་མ་གསུམ་བཏུད་བྱས་དུས། ཁོང་སྤུན་བདུན་པོསཉི་མ་རེ་ལ་རྟ་ལུས་ཆས་འདྲ་འདྲ་བ་འབའ་ཞིག་སྤོས་ནས། རྟ་རྒྱུག་རྩལ་འགྲན་པས་ཁྲོམ་ཐོག་ཆོད་པ་བྱུང་། འབྲོའི་བསམ་པ་ལ་ཁོང་ལ་མཐོ་མཚམས་པར་གོ་ནས། དམག་བསགས་འཁྲུག་པ་བྱེད་ཟེར་བ་ལ། གཅིག་པར་ཞང་པོ་ཡིན། གཉིས་པར་འགྲོགས་ཡུན་རིང་པོ་སོང་བས་འཁྲུག་པ་མི་བྱེད། རྒྱལ་ཁམས་ཡངས་པོ་ལ་འཇིགས་མེད་གསུངས་ནས། འབྲོ་ཚ་སྤུན་བདུན་གྱི་ཆེ་བ། མར་ཡུལ་དུ་བྱོན། དེ་འོག་རྣམས་རིམ་པ་བཞིན་གུང་ཐང་། གད། གཉལ་ལོ་རོ། མྱང་ཤབ། གྲོམ་པ་གཡའ་ལུང་རྣམས་སུ་གྱེས་སོ། །ཐ་ཆུང་གི་ཡབ་ཡུལ་དུ་བཞུགས། འབྲོ་དང་འཁྲུག་པ་ཡང་སྤྲད། དེ་ལས་གྱེས་པ་སྙན་ཚེ་རེང་ན། མ་ཁྲིགས་སྡེ་གསུམ་དུ་གྲགས་པ་ཡོད་དོ། །ཐ་ལྟག་གྲོམ་པར་བྱོན་པ་དེའི་མཚན་ཤེས་རབ་ཡོན་ཏན། དེ་ལ་སྲས་གཉིས་བྱུང་བའི་ཆེ་བ་ཚུལ་ཁྲིམས་རྒྱལ་པོ། ཆུང་བ་ཁབ་སོ་སྟག་ཐོག་ཏུ་བྱོན། དེར་ཡང་འཁོན་ཅི་རིགས་པ་འཕེལ་ཏེ། དེ་ནས་གཡས་རུ་བྱང་དུ་གྱེས་པའི་འཁོན་ཚོའི་སྡེ་པ་མང་དུ་ཡོད་དོ། །འཁོན་ཚུལ་ཁྲིམས་རྒྱལ་པོ་ལ་སྲས་གསུམ་བྱུང་བའི་ཆེ་བ་གཙུག་ཏོར་ཤེས་རབ་ལ་སྲས་བདུན་བྱུང་བ། ཁུ་བོ་ཆུང་བ་དང་བཅས་པ་འཁོན་གཡའ་ལུང་ན་ཡོད། སྲས་བདུན་པོའི་ལྔ་པ་འཁོན་དགེ་སྐྱབས། དེས་ཤབ་ཏུ་བྱོན། དེ་ལ་སྲས་གཉིས་བྱུང་བའི་ཆེ་བ་འཁོན་དགེ་མཐོང་། ཆུང་བ་ལས་