R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 164
[A:164]པའི་སྐབས་སུ། འབྲོའི་ལུང་སྟོན་ཆེན་པོ་ཞིག་བྱུང་བའི་ཚེ། བླ་མ་དཀོན་མཆོག་རྒྱལ་པོས་ཀྱང་བྱོན། ལྟད་མོ་དེ་དང་། རྩེད་མོ་མང་དུ་འདུག་པའི་ནང་ནས། སྔགས་པ་འགའ་ཞིག་གིས། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་མགོ་བརྙན་རྣམས་གྱོན་ནས་ཕྱག་མཚན་སོ་སོར་ཁྱེར། མ་མོ་རལ་པ་ཅན་དང་། ལྕམ་དྲལ་འཆམ་གྱིན་འདུག་པས། དེ་ཁ་ལྟད་མོ་ཡང་ཆེ། ཁྲོམ་ཐོག་ཀྱང་དེས་བཅད་སོང་བས། ཕྱིར་ལོག་ནས་གཅེན་ལ་འདི་ལྟ་བུ་གདའ་ཞུས་པས། གཅེན་ན་རེ། དེ་གསང་སྔགས་འཆོལ་བ་བྱ་བའི་དུས་བྱུང་བ་ཡིན། ཕྱིན་ཆད་རྙིང་མ་ལ་གྲུབ་ཐོབ་མཚན་ཉིད་པ་མི་ཡོང་། རང་རེ་ལ་ཡོད་པ་ཀུན་རང་དབང་ཆེ་བས། ཨ་པོ་རྒན་པའི་དཔེ་ཆ་ལྷ་རྟེན། གསང་སྔགས་ཀྱི་ལག་ཆ་ཀུན་གཏེར་དུ་སྦའོ། །ང་ནི་ན་སོ་རྒས་འདུགཁྱེད་གཞོན་པ་ཡིན་པས་གསང་སྔགས་གསར་འགྱུར་བྱ་བ་བཟང་པོ་ཡོད་པ་འདུག་ཅིང་། དེའང་མང་མཁར་ན། འབྲོག་མི་ལོ་ཙཱ་བ་མཁས་པར་ཡོད་འདུག་པས། དེ་ལ་སློབ་ཏུ་རྒྱུག་གསུངས་ནས། དཔེ་རྙིང་ཐམས་ཅད་གཏེར་དུ་སྦས་སོ། །དེར་ཆོས་སྐྱོང་གིས་ཆོ་འཕྲུལ་བྱུང་ནས། ཕུར་པའི་ཆོས་འཁོར་ཅི་རིགས་པ་དང་། གཏོར་མའི་ཆོ་ག་སེང་ལྡེང་གི་ཕུར་པ་བཅོ་ལྔ་པ་ཆ་གཉིས་དང་། དཀར་མོ་ཉི་ཟླ་ཉིད་ཀྱིས་འཁོན་རོག་ཤེས་རབ་ཚུལ་ཁྲིམས་རང་ལ་ཞལ་དངོས་སུ་བསྟན་ནས། མཛད་པའི་གཏོར་ཆོག་རྣམས། བཏོན་ནས་གཅུང་ལ་གནང་། གདུང་རྒྱུད་པ་རྣམས་ད་ལྟའང་དུས་གཏོར་མ་ཆག་པ་མཛད་དགོས་སོ། །དེ་ན་བླ་ལ་དཀོན་མཆོག་རྒྱལ་པོ་མང་མཁར་མུག་གུ་ལུང་དུ་འབྲོག་མིའི་སྤྱན་སྔར་མ་ཐོན་པར། གཡའ་ལུང་དུར་ཁྲོད་དུ། འཁྱིན་ལོ་ཙཱ་བ་ལ་བརྟག་གཉིས་གསན། དེ་ཚར་ལ་ཁད་པ་དང་བླ་མ་འཁྱིན་སྐུ་གཤེགས་པའི་ཞལ་ཆེམས་ལ། ཆོས་འཕྲོ་དེ་འབྲོག་མི་