[A:12]རིང་ལ། མིའི་མིང་ལ་རིམ་པ་བཞིན། སེམས་ཅན། ཚུར་ཤོག རྨེ་བ་ཅན། སྤྲིན་མགྲིན། ཏ་ལི་སྐང་ངོ་། །གསོ་སྦྱོང་འཕགས་ཀྱི་སྤྱི་བོའི་ལྦ་བ་རྡོལ་བ་ལས་སྐྱེས་པ། རྒྱལ་པོ་ང་ལས་ནུ་ནི་གླིང་བཞི་དང་། རྒྱལ་ཆེན་རིགས་བཞི་དང་། སུམ་ཅུ་རྩ་གསུམ་མན་ལ་གསེར་གྱི་འཁོར་ལོས་དབང་བསྒྱུར་རོ། །དེ་ནས་མིའི་མིང་མི་ཞེས་བྱ་བ་འདི་བྱུང་ངོ་། །ང་ལས་ནུའི་བརླ་གཡས་པ་ལས་སྐྱེས་པ་མཛེས་པ། དེའི་བརླ་ལས་ཉེར་མཛེས། དེའི་བརླ་ལས་མཛེས་ཅན། དེའི་བརླ་ལས་མཛེས་ལྡན་རྣམས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྔ་ཏེ། རིམ་པ་བཞིན་དུ། གླིང་བཞི་དང་། གསུམ། གཉིས། གཅིག་ལ། གསེར་དངུལ་ཟངས་ལྕགས་ཀྱི་འཁོར་ལོས་དབང་བསྒྱུར་རོ། །དེའི་དུས་སུ་བསྐལ་བ་རྫོགས་ལྡན་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་པ། བྲམ་ཟེའི་རིགས་ཀྱི་སངས་རྒྱས་འཁོར་བ་འཇིག་འཇིག་རྟེན་དུ་བྱུང་ངོ་། །དེའི་བསྟན་པ་དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་པར་བཤད། མཛེས་ལྡན་བུ་ནི་བཟང་པོ་ནས། བུ་རྒྱུད་རིམ་པ་བཞིན་རྒྱལ་རབས་སུམ་ཅུའི་མཐར། ཀུན་ནས་འོད་ཟེར་ཞེས་བྱ་བའི་རྒྱལ་རབས་བརྒྱ་ཐམ་པ་ཡུལ་གྲུ་འཛིན་དུ་བྱུང་། དེ་ནས་རིམ་པར་རྒྱུད་དེ། ཡུལ་དམག་གི་མི་ཚུགས་པ་ལ་སོགས་པའི་ཡུལ་ཆེན་པོ་བཅུ་དྲུག་དང་། སངས་རྒྱས་དེའི་བསྟན་པའི་རིང་ལ་རྒྱལ་རབས་དྲུག་འབུམ་གཅིག་ཁྲི་དྲུག་སྟོང་ཉིས་བརྒྱ་དང་གསུམ་བྱུང་ངོ་། །དེ་ནས་བསྐལ་བ་གསུམ་ལྡན་ཚེ་ལོ་གསུམ་ཁྲི་པའི་དུས་སུ། བྲམ་ཟེའི་རིགས་ཀྱི་སངས་རྒྱས་གསེར་ཐུབ་བྱོན། དེའི་དམ་པའི་ཆོས་ལོ་ལྔ་སྟོང་གནས་པར་བཤད་དོ། །དེ་ནས་ཡུལ་དམག་གིས་མི་ཚུགས་པ་ལ་སོགས་པ་ཡུལ་ཆེན་བཞི། སངས་རྒྱས་དེའི་བསྟན་པའི་རིང་ལ། རྒྱལ་རབས་ཉིས་འབུམ་དྲུག་ཁྲི་ཆིག་སྟོང་བརྒྱ་དང་ལྔ་བཅུ་བྱུང་བའི་ཐ་མ་རྒྱལ་པོ་