[A:167]འདིང་བ། གདན་ས་བསྐོ་བ་རྣམས་ཉི་མ་གཅིག་ལ་གྲུབ་ན་རྗེས་སུ་ཕུན་སུམ་ཚོགས་པ་འབྱུང་ཟེར་ནས། ཡུམ་ན་རེ། ཉིད་རང་གི་ཡབ་ཀྱི་སློབ་དཔོན་ཡང་ལོ་ཙཱ་བ་ཡིན། ལོ་ཙཱ་བ་དང་འབྲེལ་བའི་ཆོས་འདི་ནན་ཏར་རྫུན་ཆུང་གསུངས་ནས་མཉེས་པ་གཅིག་ཡོད། ཁྱེད་ཆུང་བས་འུ་ཅག་ག་གདན་ས་མི་ཟིན། གདན་ས་འདི་བ་རི་ལོ་ཙཱ་བ་ལ་གཏད་པ་དྲག་ཟེར། བ་རི་བ་གཡུ་མཁར་མོ་ན་ཡོད་པ་གདན་དྲངས་ནས་གདན་ས་གཏོད་པ་དང་། གཤེགས་རྫོངས་ཆོས་འཁོར་བྱེད། ཕྱི་རྟེན་འགྲམ་འདིང་བ་རྣམས་ཉི་མ་གཅིག་ལ་ཚར་བར་མཛད། ཞིང་མོ་ཆེ་མ་གཏོགས་གཞན་ཐམས་ཅད་བླ་མ་བ་རི་བ་ལ་གཏད། བ་རི་བའི་ཞལ་ནས་ཁྱེད་ཇོ་སྲས་ཀྱི་བུ་བྱ་བ། སློབ་གཉེར་བྱེད་དགོས་པ་ཡིན། དེ་ལ་ཤེས་རབ་དགོས་པ་ཡིན། དེའི་ལྷ་འཕགས་པ་འཇམ་དཔལ། ཨ་ར་པ་ཙ་ན་དྷི་སྒྲུབས་གསུངས་ནས། སྒྲུབ་པས་ཟླ་བ་དྲུག་ན་འཇམ་དཔལ་དངོས་སུ་ཞལ་གཟིགས། སྒྲུབ་ཁང་འཇམ་དཔལ་བྲག་ཁུང་དུ་གྲགས་པ་བླ་བྲང་ཤར་གྱི་དཀྱིལ་ན་ཡོད་དོ། །དེ་ལྟར་ཡི་དམ་གྱི་ལྷས་མངོན་སུམ་དུ་བྱིན་གྱིས་བརླབས་པས། ཤེས་བྱ་ཕལ་ཆེ་བ་ཐུགས་སུ་ཆུད་ཡོད་ཀྱང་། གང་ཟག་རྣམས་ཀྱི་བསམ་བློ་དང་བསྟུན་པའི་ཕྱིར། གཞོན་ནུ་ཉིད་ནས་སློབ་གཉེར་ལ་ཐུགས་གཏད་དེ། སྔུན་ལ་རོང་ངུར་མིག་དུ་དྲང་ཏི་དར་མ་སྙིང་པོ་ལ་། མངོན་པ་སློབ་ཏུ་བྱོན། བླ་མ་བ་རི་བས་གདན་ས་ལོ་བརྒྱད་མཛད་པའི་རིང་ལ། དབུས་གཙང་མངའ་རིས་མན་ཀྱི་ས་ཆ་ན་བཞུགས་པའི། བླ་མ་ལོ་པཎ་བཟང་ཚད་ཀྱི་ཞབས་ལ་གཏུགས་ནས། ཐོས་པ་གསན་སྦྱོང་མཐར་ཕྱིན་པ་མཛད་ཅིང་། བ་རི་ལོ་ཙཱ་བའི་ཐུགས་ལ་ཡོད་ཚད་ཀྱི་ཡོན་ཏན་བུམ་པ་གང་བྱོས་གནང་ཏེ། ལོ་བརྒྱད་ཐིམས་ནས་གདན་ས་བླ་མ་ས་ཆེན་ལ་གཏད། བ་རི་བ་བར་ཕུག་ཏུ་ཞི་