R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 15
[A:15]བཅོམ་ལྡན་འདས་ཀྱི་རྣམ་ཐར་ལས་འཕགས་པའི་མཛད་པ་བཅུ་གཉིས་བསྟན་ཚུལ། དང་པོར་རྒྱལ་པོ་དོན་གྲུབ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་བྱོན་པ་སྟེ། ཉན་ཐོས་པ་ན་རེ། སྐྱེ་བ་དཔག་ཏུ་མེད་པའི་སྔོན་ནས་ཚོགས་གཉིས་བསགས་པའི་སྐྱེས་བུ་རང་རྒྱུད་པ་གཅིག་རྒྱལ་པོ་ཟས་གཙང་གི་སྲས་སུ་འཁྲུངས་པ་ཡིན་ཟེར། བྱང་སེམས་པ་རྣམས་ནི། འདི་སོ་སོ་སྐྱེ་བོ་ཡང་མ་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མ་ཡིན་ཟེར། གསང་སྔགས་པ་རྣམས་ནི་སྔོན་བསྐལ་བ་མེ་ལོང་གི་འབྱུང་གནས་ཞེས་བྱ་བ་ལ། ལམ་ལྔ། ས་བཅུ་བགྲོད་ནས་སངས་རྒྱས་ཚར་བ་དེའི་སྤྲུལ་པ་ཡིན་ཟེར། གང་ལྟར་ཡང་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས། སྒྲིབ་པ་སྦྱངས་པའི་མཐར་མངོན་པར་རྫོགས་པར་སངས་རྒྱས་པར་ཐམས་ཅད་མཐུན་པས། དེ་ཡང་ཐུགས་བསྐྱེད་ལུགས་མདོ་སྡེ་སྙིང་རྗེ་པད་དཀར་ལས། འདི་དང་པོ་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་ཚེ་ཐུགས་བསྐྱེད་ཅེས་པ་དང་། བསྐལ་བཟང་ལས། སྨན་པར་གྱུར་ཚེ་ཐུགས་བསྐྱེད། དྲིན་ལན་གསབ་པར་དམྱལ་བའི་ལྕགས་བསྲེགས་ཀྱི་ཐང་ལ། ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས་ཚེ་ཐུགས་བསྐྱེད། ཕུང་པོ་གསུམ་པར་ཚོང་དཔོན་གྱི་བུ་སྔོན་དགར་གྱུར་ཚེའམ། ཡང་ན་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་ཚེ། སངས་རྒྱས་ཐུབ་པ་ཆེན་པོའི་དྲུང་དུ་འཁར་བའི་བུམ་པ་