[A:202]བཀའ་འགྱུར་རོ་ཅོག་ཆ་ཚང་མ་རེ་རེ་བཞེངས་པའི་དྲུང་དུ་དཀར་མེ་འཁོར་ཡུགམཆོད་པ་རྣམས་ལྔའི་རྒྱུན་མ་བཅད་པའི་དགེ་རྒྱུན་བཙུགས་པ་ལགས་སོ། །བསྟན་པ་དར་རྒྱས་འཕེལ་བའི་བྱ་བ་ཆེན་མོ་མཛད་འདུག དེའི་དབོན་སྲས་ཀྱིས་རྒྱུད་པ། ལྡན་མ་དབོན་པོ་བཟང་པོ་རྒྱན་མཚན་མན། ཡབ་སྲས་འཁོར་བཅས་ཀྱིས་དབུས་གཙང་དག་པ་ཞིང་ཁམས། ཁྱད་པར་དཔལ་ལྡན་ས་སྐྱ་བླ་མའི། སྤྱན་སྔར་བྱོན་པར་བཞེད་ནས། ཡར་བཏེགས་བྱོན་པས། མི་ཤི་བ་ལྷ་རུ་སོང་བའི་ལྡན་མ་དབང་རྒྱལ་ཞེས་པར་གྲགས་པ། ལྷ་བཙན་བཟང་པོ་གཅིག་ཡོད་པ་དེས། རྨི་ལམ་དུ་ལུང་རིམ་པར་བསྟན་པ་བཞིན། གཙང་གཡས་རུའི་རུ་ལག བཅུང་པ་ཡུ་བ་གདོང་། བཞི་དགའ་གསེར་སྡིངས་རྣམས་སུ་རིམ་པས་ཕྱུགས། གསེར་སྔིངས་སུ་གཞི་ཕབ། སྲས་པོ་དེ་གཞོན་ནུ་ནས་ཀློག་ཡིག་སོགས་ཡོན་ཏན་དང་ལྡན་པས། གྲོང་པ་རྣམས་ཀྱང་། དཔོན་ཡིག་བཟང་པོ་དཔལ་འདིས། རང་རེ་ཐམས་ཅད་ལ་ཕན་ཐོགས་པར་བྱུང་ཟེར་ཅིང་། གནས་པོ་ཕྱུག་པོ་ཆེན་པོ་ཞིག་ཡོད་པའང་། བུ་ཆུང་ལ་ཞེ་མགུ་ནས། ངའི་བུ་མོ་དང་བཟའ་མི་གྱིས་ཤིག་ཟེར་ནན་གྱིས་བསྐུལ་བས། བུ་མོ་ལྷ་མོ་སྨན་དང་། ཡབ་ཡུམ་དུ་འབྲེལ། ལོ་འགའ་སོང་བ་དང་། ཕ་རྒན་སྐུ་གཤེགས། དེར་རྟིང་བུ་མོ་ལ་རྨི་ལྟས་བཟང་པོ་བྱུང་ནས། བྱ་ལོ་ལ་སྲས་པོ་ཞིག་འཁྲུངས་པ། མཚན་དཔལ་ལྡན་དར་ཞེས་པར་བཏགས་སོ། །ཡང་ལྷའི་ལུང་བསྟན་ལ། འདི་ནས་ཤར་ལྷོ་ཕྱོགས་ཀྱིས་ལ་རྒྱབ་བའི་ཕ་རོལ་དེར་སོང་ཞིག དེར་ངའི་འདུག་གནས་ཀྱང་འཆོས་ལ། རྟེན་ཚུགས་བྱ་བ་ཐམས་ཅད་ཀྱང་ཡར་འཕེལ་དུ་འབྱུང་ངོ་ཟེར་བ་བྱུང་ནས། ཡབ་ཡུམ་སྲས་ཀྱིས་ཡར་བྱོན། ཐར་པ་དགོན་སར། ལྕམ་[དཔྱལ་] སྟོན་ཆོས་འཕགས་ཀྱི་དྲུང་དུ། སྲས་ཕོ་ལ་