[A:17]ནོ། དེ་ལྟར་ས་དང་པོ་རབ་ཏུ་དགའ་བ་ཐོབ་ནས། མཐོང་ལམ་ཆོས་ཉིད་བདེན་པ་རྫོགས་ཏེ། ས་གཉིས་པ་དྲི་མ་མེད་པ་ནས། སྒོམ་ལམ་ལ་ཞུགས། ས་གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྤྱངས་དཀའ་བ། དྲུག་པ་མངོན་དུ་གྱུར་པ། བདུན་པ་རིང་དུ་སོང་བའི་ས་ཐོབ་པ་མན་ལ། གྲངས་མེད་གཉིས་པའོ། །དེའི་བར་ལ་སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ་བསྙེན་བཀུར་བྱས་པའི་ཐ་མ་ལ། སངས་རྒྱས་མར་མེ་མཛད་ཡིན་ནོ། །དེའི་རྟིང་ལ་ས་བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་ཐོབ་པའི་དུས་སུ། བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོར་གྱུར་ཅིང་། དེ་མན་གྱི་གྲངས་མེད་གསུམ་དུ་ཚོགས་བསགས་ནས། དེའི་རིང་ལ་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་བྱས་པའི་ཐ་མ་ལ། སངས་རྒྱས་རྣམ་གཟིགས་ཡིན་ནོ། །དེ་ལྟར་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས། ས་བཅུ་ནོན་ཅིང་། ས་གཉིས་པ་ནས་བཅུའི་བར་ལ། སྒོམ་ལམ་ལ་སྒོམ་པ་འཕེལ་སྟེ། ས་བཅུ་གཅིག་པ་ཀུན་ཏུ་འོད་དང་། བཅུ་གཉིས་པ་མ་ཆགས་པདྨ་ཅན་དང་། བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ས་སངས་རྒྱས་ཀྱི་གོ་འཕངས་བརྙེས་པའི་ཚུལ་འོག་ནས་བཤད་པ་ལྟར་རོ། །
ཐུབ་པའི་མཛད་པ་བཅུ་གཉིས་དངོས་ལ། འཇིག་རྟེན་པའི་མཛད་པ་ལྔ་ལ ལྷུམ་སུ་ཞུགས་པ། སྐུ་བལྟམས་པ། གཞོན་ནུ་རོལ་རྩེད་མཛད་པ། བཙུན་མོ་ཁབ་ཏུ་བཞེས་པ། རྒྱལ་སྲིད་བཟུང་བ་རྣམས་སོ། །འཇིག་རྟེན་ལས་འདས་པའི་མཛད་པ་ལྔ་ནི། རབ་ཏུ་བྱུང་བ། དཀའ་བ་སྤྱད་པ། ཆོས་འཁོར་སྐོར་བ། ཆོ་འཕྲུལ་བསྟན་པ། བདུད་བཏུལ་ཅིང་སངས་རྒྱས་པ་རྣམས་སོ། ཁྱད་པར་ཅན་གྱི་མཛད་པ་གཉིས་ནི། རྟག་ཏུ་རེ་བ་རྣམས་སུན་འབྱིན་པའི་ཕྱིར། མྱ་ངན་འདས་པའི་ཚུལ་བསྟན་པ་དང་། ཕྱི་རབས་སྤྲོ་བ་སྐྱེད་པའི་ཕྱིར། སྐུ་གདུང་རིང་བསྲེལ་ཆ་བརྒྱད་དུ་བགོས་པ་དང་། བྱིན་རླབས་འབྱུང་བའི་མཛད་པའོ། །དེ་ལྟར་མཛད་པ་བཅུ་གཉིས་ཀྱི་དང་པོ། དམ་པ་ཏོག་དཀར་པོར་གྱུར་སྟེ། དགའ་ལྡན་དུ་བཞུགས་