[A:18]པའི་དུས་སུ། མི་མཇེད་འཇིག་རྟེན་གྱི་ཁམས་སུ་སྙིགས་མ་ལྔ་བདོ་བར་ནི།
སེམས་ཅན་ཚེ་དང་། ཉོན་མོངས་དང་། ལྟ་བ་དང་། དུས་ཀྱི་སྙིགས་མ་རྣམས་ལ་
དགོངས་ནས། དུས་ཀྱི་སྙིགས་མ་ནི་ཕ་དང་བུར་འཐབ་པ། ཚེའི་སྙིགས་མ་ནི་ཚེ་ལོ་བརྒྱ་པ། ཉོན་མོངས་པའི་སྙིགས་མ་དུག་ལྔ་རགས་པ ། ལས་ཀྱི་སྙིགས་མ་དགེ་བ་ཆུང་དུ་སྤྱོད་པ། ལྟ་བའི་སྙིགས་མ་ལོག་པར་སྤྱོད་པའོ། །
གདུལ་བྱ་དུས་ལ་བབས་པར་ཤེས་ནས། རྩོད་ལྡན་གྱི་དུས། འཇམ་བུ་གླིང་པའི་མི་རྣམས་ཚེ་ལོ་བརྒྱ་པའི་སྐབས་སུ། དགའ་ལྡན་དུ་རྒྱལ་ཚབ་བྱམས་པ་ལ་དབང་བསྐུར་ནས། འཛམ་བུ་གླིང་དུ་གཟིགས་པ་ལྔའི་སྒོ་ནས།འབྱོན་པར་ཆས་པ་ནི། གནས་དང་རིགས་རྒྱུད་ཡབ་ཡུམ་དུས་དང་ལྔ་ལ་གཟིགས་ནས། ཡུལ་ནི་སེར་སྐྱ་ལ་སོགས་པ་གྲོང་ཁྱེར་དྲུག་ལ་གཟིགས། རིགས་རྒྱལ་རིགས་ལ་གཟིགས། ཡབ་ཟས་གཙང་མ་ལ་གཟིགས། ཡུམ་སྒྱུ་མ་ལྷ་མཛེས་ལ་གཟིགས། དུས་ཡུམ་གསོ་སྦྱོང་མཛད་པའི་དུས་ལ་གཟིགས། ང་ནི་འཛམ་བུ་གླིང་དུ་ཆོས་སྟོན་པ་ལ་འགྲོའོ་གསུངས་པས། ལྷ་ཐམས་ཅད་མ་དགའ་སྟེ། ཐབས་སྣ་ཚོགས་པའི་གཤོལ་བཏབས་ཀྱང་མ་ཐེབས་པ་དང་། ལྷའི་བུ་གཟི་བརྗིད་དམ་པས་དེ་ལྟར་ན། གླང་པོ་ཆེའི་གཟུགས་སུ་སྤྲུལ་ནས་བྱོན་ན། དོན་ཆེའོ་ཟེར་བ་ལྟར།
གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གཅིག་ཏུ་སྤྲུལ་ནས་བྱོན། གྲོང་ཁྱེར་སེར་སྐྱའི་ཕོ་བྲང་ན། རྒྱལ་པོ་ཟས་གཙང་མ་ཡབ་ཡུར་རྒྱལ་སྲིད་སྐྱོང་གིན་བཞུགས་པའི་ཚེས་བཅོ་ལྔའི་ཟླ་བ་ཉ་གང་བ་ལ། ཡུར་ལྷ་མོ་སྒྱུ་འཕྲུལ་མ་གསོ་སྦྱོང་ལ་གནས་པའི་སྤྱི་བོ་ནས་གླང་ཆེན་ཐིམས་པར་རྨིས་ཏེ། ལྷུམས་སུ་ཞུགས་ནས་ཡུམ་ལ་དགའ་བདེའི་ཏིང་ངེ་འཛིན་མང་པོ་ཐུགས་ལ་འཁྲུངས་པར་གྱུར་ཏོ། །དེའང་ཇོ་བོ་རྗེས་བཞེད་པའི། སངས་རྒྱས་ཤིང་ཕོ་བྱི་བའི་དབྱར་འབྲིང་པོའི་ཉ་ལ་ལྷུམས་སུ་ཞུགས། གླང་ལོ་དཔྱིད་ཐ་ཆུང་གི་ཚེས་བརྒྱད་ལ་སྐུ་བལྟམས། ས་མོ་ཕག་ལ་སངས་རྒྱས། ཤིང་ཕོ་སྤྲེའུ་ལོ་མྱ་ངན་འདས་པར་བཤད་ཅིང་། ཆོས་རྗེ་ས་སྐྱ་པཎྜི་ཏ་ནི་མེ་མོ་ཡོས་ལ་ལྷུམས་སུ་ཞུགས་པར་བཞེད་ཅིང་།
ས་ཕོ་འབྲུག་ལ་སྐུ་བལྟམས། སྤྱིར་ཟླ་ཐ་ཆུང་སྐར་མ་ས་གའི་ཉ་བའི་ཚེས་