R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 19
[A:19]བཅོ་ལྔའི་ཡང་གཅིག་ན་དབོ་ཟླ་བའི་ཚེས་བཅུ་བཞིའི་ཉིན་ཟེར་རྒྱལ་ཕུར་འཛོམས་དུས་
ཆུ་ཕོ་སྟག་ལ་སངས་རྒྱས། མེ་མོ་
སྨིན་དྲུག་ཟླ་བའི་ཚེས་བརྒྱད་ཀྱི་ཟླ་བ་རི་མགོ་ལ་ཡོལ་བ་དང་མྱ་ངན་ལས་འདས་
ཕག་ལ་མྱ་ངན་ལས་འདས་
པར་བཞེད། དཔྱིད་ཐའི་ཚེས་བརྒྱད་སྐར་མ་རྒྱལ་ལ་བལྟམས་པར་མཐུན་ནོ་
སོ། །རྒྱལ་བུ་ལྷུམས་སུ་ཞུགས་པའི་མཛད་པ་དེ་དང་པོའོ། །དེ་ལྟར་ལྷུམས་སུ་ཟླ་བ་དགུ་ངོ་བཅུ་བཞུགས་ནས། ལུམ་བི་ནིའི་ཚལ་དུ་ཡུམ་གྱི་ཕྱག་གཡས་པས་ཤིང་ནྱ་གྲོ་ཏའི་ཡལ་ག་ལ་འཇུས་པའི་འོག རྩིབ་མའི་བར་ནས་སྐུ་བལྟམས། ལྷས་མེ་ཏོག་གཏོར། བརྒྱ་བྱིན་དང་ཚངས་པས་བསྟན། ལྷ་ཀླུ་ཐམས་ཅད་ཀྱི་མཆོད་པ་ཕུལ། དགའ་བོ་དང་ཉེར་དགའ་བོ་ལ་སོགས་པས་སྐུ་ཁྲུས་གསོལ། སྐུ་ལས་འོད་ཟེར་འཕྲོས་བལྟམས་འཕྲལ་ལ་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བས། ཞབས་རྗེས་ལ་པདྨ་རེ་རེ་བྱུང་ཅིང་། དགེ་མཚན་ཆེ་བའི་ཚིགས་སུ་བཅད་པ་རེ་རེ་གསུང་དུས་ཡབ་ཀྱིས། གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་སོགས་བསྟོད་པ་ནི་ཐུབ་པའི་བསྟོད་པའི་ཐོག་མའོ། །སྟོན་པ་དང་དུས་མཉམ་དུ་ཡུལ་དབུས་སུ་རྒྱལ་པོ་ཚངས་བྱིན་དང་། པདྨ་ཆེན་པོ་དང་། དམག་རྒྱལ། རྩིབ་གྱི་མུ་ཁྱུད་མཐའ་ཡས་དང་བཞི་པོ་ལ། བུ་བཞི་བཙས་པ་ནི། གསལ་རྒྱལ། གཟུགས་ཅན་སྙིང་པོ། ཤར་པ། གཏུམ་པོ་རབ་སྣང་རྣམས་ཡིན་ནོ། །བྱང་སེམས་སྐུ་བལྟམས་ནས་ཞག་བདུན་ནས་ཡུམ་འདས་ཏེ། སུམ་ཅུ་རྩ་གསུམ་དུ་སྐྱེས། སྲུ་མོ་སྐྱེ་དགུའི་བདག་མོས་འགོ་བྱས། མ་མ་བརྒྱད་ལ་གཏད་ནས་འཕེལ་སྐྱེད་ཤིན་དུ་ཆེའོ། །རྒྱལ་བུ་བལྟམས་པའི་མཛད་པ་སྟེ་གཉིས་པའོ། །གསུམ་པ་ནི་དེའི་དུས་རི་བོ་གྲུ་འཛིན་ན། དྲང་སྲོང་ཉོན་མོངས་མེད་ཅེས་པ། འཇིག་རྟེན་ཆགས་འཇིག་ལ་མཁས་པ་གཅིག་ཡོད་པ་དེས། འོད་ཟེར་གྱི་སྣང་བ་