[A:227]ཟུལ་ཕུ་ཕྱོགས་ནའང་ད་ལྟ་ཡང་། སྔགས་རྒྱུད་འཛིན་པ་མང་རབ་ཡོད་པར་སྣང་། ཉེ་གནས་ཆེན་པོ་མགོན་པོ་སྐྱབས་པ་ལ། སྲས་པོ་མཆེད་གསུམ་བྱུང་བའི་ཆེ་བ། ཆེན་པོ་དོན་གྲུབ་རྒྱལ་མཚན་པ་དེ་བསྟན་པའི་མངའ་བདག་ཏི་ཤྲི་ཀུན་བློའི་ཞབས་ལ་གཏུགས། བོད་ཁམས་སུ་གདན་ས་བར་བ། རྩེ་འོད་བསམ་གྲུབ་ཀྱི་ཉེ་གནས་ཆེན་པོ་དང་། ཤོ་ཐམ་ཁ་གནང་། དེ་ནས་བཟུང་འཕགས་པ་ཀུན་བློ་གཤེགས་ནས། ཏི་ཤྲི་ཀུན་རྒྱལ་བའི་ཕྱག་ཕྱི་མཐིལ་བྱས། གོང་ལ་བྱོན་བླ་མས་ཐུགས་ལ་བཏགས་ནས། ཕོ་བྲང་ཏའི་ཏུར། རྫོང་ཁ་བུའི་ཁྲིམས་ར་དང་། ཉེ་གནས་ཆེན་པོ་ལ་བསྐོས། བོད་ལ་འབྱོན་ཁར་གོང་མ་ཐོ་གོན་ཐི་མུར་རྒྱལ་པོས། དུ་དབེན་ཤྲི་མཚན་དང་ལུང་ལག་རྟགས་བཟང་པོ་གནང་ཞིང་། ཁྱད་པར་ཡབ་ཡུམ་གཙང་སྟོད་ལྷན་ལུང་གི་འོག་ཏུ་ལྷན་གངས་གདོང་ཡན། སྤན་སྨད་ཇོ་བོ་རིགས་གསུམ་མགོན་པོ་མན། པ་རྣམ་གྱི་གཞིས་ཕྲན་རྣམས་དང་བཅས་པ་གཙང་གཞིས་སུ་འཇགས་པའི། འཇའ་ས་ཆེན་མོ་གནང་། ཡར་ཕེབས་ནས་ཀྱང་ལྷ་ཁང་བླ་བྲང་བས་གདུང་རྒྱུད་ཡབ་སྲས་རྣམས་ཀྱིས་ཞབས་ཏོག་ཚུལ་བཞིན་སྒྲུབ་པར་གདའོ། །དེའི་གཅུང་ཆེན་པོ། དཔལ་ལྡན་རྒྱལ་མཚན་པ་དེས། ཏ་དབེན་གུ་ཤྲི་ཀུན་དགའ་ཉི་མས་ཐོག་དྲངས་འཇམ་དབྱངས་དོན་ཡོད་རྒྱལ་མཚན་པ་སྐུ་མཆེད་པའི་ཕྱག་ཕྱིར་སླེབས། རིན་ཆེན་སྒང་བླ་བྲང་བའི་ཉེ་གནས་ཆེན་པོ་མཛད། རིན་ཆེན་སྒང་ག་ལྕགས་རི་ཆེན་མོ་དང་། སྒོ་སྤེ་ཤར་ནུབ། གར་ཕུའི་ཕྱོགས་བཞིས་ཁ་ཁྲམ་མོ། །བོ་དོང་ཨེའི་ལྕགས་རི་ཕྱི་མ། སྒོ་ལྕོག་འཁོར་མ། ནང་དུ་བུད་རྩེ་གསར་མ། ཕྱི་རུ་མགྲོན་ཁང་སྐར་བཅས། གཞན་ཡང་བོ་དོང་མ་