[A:228]ལས་དགའ་བའི་བུ་བཞིར་གྲགས་པའི་གཞིས་ཀ་བཀྲ་ཤིས་སྒང་། རོག་ཚེ། ཤབ་དགེ་སྡིང་། འཇད་མཐོང་སྨོན་ལ་སོགས། གཞིས་ཆེ་ཆུང་མང་པོའི་མཁར་ལས་གསར་བརྡུངས་ཞབས་སུ་ཕྱུག་པར་བཞེངས། མདོར་ན་བླ་བྲང་གི་བྱ་བ་ཁོ་ན་ལ་གཙོ་བོར་སྟོན་པའི་ནང་གི་གསོག་མཆོག ཕྱིས་འདུལ་སྐྱོང་དགོས་པ་གང་ལའང་། ཕྱིས་སྐོར་གྱི་ཉེ་གནས་ཆེན་མོ་རྣམས་ཀྱི་ནང་ནས། འདི་ཉིད་བྱ་བ་ལག་རྗེས་ཤིན་ཏུ་ཆེ་བར་གྲགས་སོ། །གཅུང་ཆུང་ཤོས་ཆེན་པོ་ནོར་བུ་བཟང་པོ་པས། གཅེན་གྱི་རྗེས་སུ་འབྲང་སྟེ། བོ་དོང་གི་ཉེ་གནས་ཆེན་པོ་མཛད། དཔལ་ལྔན་བླ་མ་དམ་པ་དང་ཆོས་རྗེ་བསོད་རྒྱལ་བ། ཆོས་འཁོར་ཆེན་མོ་སྐོར་བའི་མཐུན་རྐྱེན། བརྗིད་ཁུར་མཐིལ་གཞུ་སོགས་རིན་ཆེན་སྒང་པའི་གདུང་རྒྱུད་ཞལ་ངོ་རྣམས་ཀྱི་ཞབས་ཏོག་བསྒྲུབས། གཅུང་པོ་སློབ་དཔོན་ཆེན་པོ་བསོད་ནམས་ཡོན་ཏན་པས་རབ་ཏུ་བྱུང་ནས་དཔལ་བོ་དོང་ཨེའི་ཆོས་དཔོན་མཛད་དོ། །གཅེན་པོ་དོན་རྒྱལ་དུ་དབེན་ཤྲཱིས། ཇོ་མོ་ཁམས་མོ་ལ། སྲས་ཤིག་བྱུང་བ་ནི། དབང་ཧུ་བསོད་ནམས་རྒྱལ་མཚན་པའོ། །ཡང་ཇོ་མོ་གཙང་མོ་ལ་སྲས་སློབ་དཔོན་དོན་གྲུབ་རྒྱལ་མཚན་པ་བྱུང་ནས། རིན་ཆེན་སྒང་དང་། བོ་དོང་དུ་ཐོག་ཅིག་བཞུགས་ནས། ཆེན་པོ་གྲུབ་རྒྱལ་དུ་གྲགས་སོ། །དེས་རྩ་བའི་གཞིས། གཙང་སྟོད་ལྷན་ལུང་གི་སྐོར་རྣམས་སྒོས་བདག་ཏུ་བཟུང་། དེའི་དབོན་སྲས་ཀྱི་རྒྱུད་དང་། ལྷན་ལུང་པ་ཡབ་སྲས་རྣམས་ཡིན་ནོ། །དབང་ཧུ་ཆེན་པོ་དེ་ཉིད་ཀྱིས་སྐུ་གཞོན་ནུའི་དུས་དཔལ་བོ་དོང་ཨེའི་ཆོས་གྲྭ་ཆེན་པོར་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་དྲུང་དུ། རབ་ཏུ་བྱུང་ནས་མངོན་པ་མཛོད་ལ་སློབ་གཉེར་མཛད་པའི། དགེ་