R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 20
[A:20]དེ་མཐོང་ནས། སངས་རྒྱས་སྐུ་བལྟམས་པར་ཤེས་ཤིང་། གཞན་ཡང་མཚན་ལྟས་མཁན་རྣམས་ན་རེ། འདི་ནི་རྒྱལ་སྲིད་བསྐྱངས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཞིང་། རབ་ཏུ་བྱུང་ན་འཇིག་རྟེན་གསུམ་གྱི་མགོན་དུ་ངེས་པར་འགྱུར་རོ། ། ཞེས་སོགས་མཚན་ལྟས་ཤིན་དུ་བཟང་བར་བཅད་ཏེ། །མཚན་ཡང་རྒྱལ་པོ་དོན་གྲུབ་ཏུ་གསོལ་ལོ། །ཡང་དྲང་སྲོང་ན་རེ། ད་ལྟ་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས། འཁོར་ལོས་སྒྱུར་བའི་རྒྱལ་པོ་མི་འབྱུང་བས། འདི་ནི་ད་སྟེ་ལོ་སུམ་ཅུ་རྩ་ལྔ་ནས་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་ཐེ་ཚོམ་མི་ཟ་ཞིང་། བདག་ནི་རྒས་པས་འདིའི་ཆོས་མི་ཐོབ་པར་འཆིའོ། །ཞེས་ཟེར་ནས་མྱ་ངན་བྱེད་ལ། ཚ་བོ་མེས་སྦྱིན་ལ་རྒྱལ་པོ་འདི་སངས་རྒྱས་དུས་ཁྱེད་རབ་ཏུ་བྱུང་ཞིག་ཟེར་བ་ལྟར་བྱས་པས། མེས་བྱིན་དགྲ་བཅོམ་པ་ཐོབ་པའི་མཚན་ནི་འཕགས་པ་ཀ་ཏ་ཡ་ནའོ། །ཤཱཀྱའི་རིགས་རྣམས་ཀྱི་ལྷ་གནོད་སྦྱིན་ཤཱཀྱ་འཕེལ་གྱི་དྲུང་དུ་རྒྱལ་བུ་བྱོན་པས། ལྷའི་ལྷས་ཕྱག་བྱས་བྱུང་བས། བེཅོམ་ལྡན་ལྷའི་ལྷའོ་ཞེས་པ་དང་། དེའི་ལམ་ན་ཤཱཀྱའི་རིགས་གདུག་པ་ཅན་ཐམས་ཅད་ལ་འཚེ་བ་གཅིག་ཡོད་པ་དེས་ཀྱང་བཏུད་པས་ཤཱཀྱ་ཐུབ་པ་ཞེས་གྲགས་སོ། །དེ་ནས་གཞོན་ནུ་ཉིད་ནས་ཡིག་དཔོན་སྲིན་པོའི་གོ་བྱ་ལས་འབྲི་ཀློག་དང་། ཤཱཀྱའི་སྲིད་སྒྲུབ་ལས་རྩིས་དང་། བློན་པོ་ལྷར་བཅས་ལས་འཕོངས་དང་། བྱང་སེམས་བཟང་པོ་ལེན་ལས་གླང་པོ་ཆེའི་གཉའ་བར་བཞོན་པ་སོགས། རྒྱལ་པོའི་བྱ་བ་རྣམས་སློབ་པར་བརྩམ་པ་ཙམ་གྱིས་མཁྱེན་ཏེ། ལྷས་བྱིན་ལ་སོགས་རྒྱལ་ཕྲན་རྣམས་དང་། ཨངྒ་མངྒ་དྷར་སྒྱུ་རྩལ་འགྲན་དུས། ཞབས་ཀྱི་མཐེ་བོང་གི་གླང་པོ་ཆེའི་རོ་དཔག་ཚད་གཅིག་གི་བར་ལ་སྐྱུར་བས། ས་གཤོང་ངེ་སོང་བ་སེར་སྐྱ་གྲོང་ཁྱེར་གྱི་ཕྱི་རོལ་ན་གླང་པོ་གཤོང་བྱ་