R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 239
[A:239]དེའི་ནང་ནས་ཀྱང་བཀའ་གདམས་པའི་མེས་པོ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དེ། སྟོད་ལུང་སྣམ་ཀྱི་བྱེ་མ་ལུང་པ། རྟེན་དགེ་བསྙེན་ཡིན། ཇོ་བོ་རྗེ་དང་མངའ་རིས་སུ་མཇལ། རྭ་སྒྲེང་དགོན་པ་བཏབ། དེའི་སྲས་ཐུ་བོ་མཆེད་གསུམ་ནི ། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་དང་། པུ་ཏོ་རིན་ཆེན་གསལ། སྤྱན་མངའ་བ་རིན་ཆེན་འབར་ཏེ། ཁམས་པ་ལུང་པ་དང་། བཞིར་ཡང་གྲགས་སོ། །པུ་ཏོ་བའི་སྲས་ཀྱི་མཐུ་བོ་བུ་ཆེན་བཞིར་གྲགས་པའི་ནང་ནས། དབུར་སྟོད་ཀྱི་ཞང་ཤ་ར་བ་ཡོན་ཏན་རྒྱ་མཚོ། དེའི་སྲས་བཀའ་བབས་བཞིར་གྲགས་པའི་ནང་ནས། བྱང་སེམས་ཀྱི་བཀའ་བབས། བྱ་འཆད་ཀ་བ། དེའི་སློབ་མ་སེ་སྤྱིལ་བུ་པ། དེས་སྤྱིལ་བུ་བཏབ། དེ་ན་སློབ་རྒྱུད་རིམ་པ་བཞིན། ལྷ་རིན་པོ་ཆེ་འགྲོ་བའི་མགོན་པོ། ལྷ་ལུང་གི་དབང་ཕྱུག ལྷ་ཟུར་ཁང་པ། རྣལ་འབྱོར་བྱང་སེང་། དེས་གྲོ་ས་དགོན་པ་བཏབ། དེའི་སློབ་མ་སངས་རྒྱས་དར་དེས་མཁའ་རུ་དགོན་པ་བཏབ། པུ་ཏོ་བའི་སློབ་མ་གཏུམ་སྟོན་བློ་གྲོས་གྲགས་ཀྱིས། སྣར་ཐང་བཏབ་སྟེ། ཆོས་ལུང་སྐུ་གཤེགས་སུ་གྲགས་སོ། །དེའི་གདན་ས་སྡིང་དཀར་སྐུ་གཤེགས། ཤེས་རབ་གྲགས་ཀྱིས་སྣར་ཐང་ཞེས་པའི་མིང་བཏགས། དེ་ནས་ཞང་བཙུན་རྡོ་རྗེ་འོད། དེ་གསུམ་གའི་སློབ་མ་གྲོ་བདུད་རྩི་གྲགས། དེ་ལ་བླ་མ་ཡི་དམ་མང་པོའི་ཞལ་གཟིགས་ཤིང་། སངས་རྒྱས་སྟོང་གི་ཡ་གྱལ་དུ་གྲགས། དེ་ནས་ཞང་སྟོན་ཆོས་ཀྱི་བླ་མ། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། དེའི་རིང་ལ་དྷ་ན་ཤཱི་ལའི་སློབ་མ། སྐྱི་ནག་གྲགས་སེང་གིས་མཚན་ཉིད་ཀྱི་གྲྭ་ས་བཙུགས། བཅོམ་ལྡན་རལ་གྲི་ལ་སོགས་བྱུང་། བྱང་ཆེན་བཏབ། དེ་ནས་མཆིམས་ནམ་མཁའ་གྲགས། ཆོས་རྒྱལ་འཕགས་པའི་བླ་མ་དང་། ཆུ་མིག་ཆོས་འཁོར་ཆེན་མོའི་ཚོགས་དཔོན་མཛད། ལྷ་