R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 244
[A:244]ཡང་འབྲེ་ཤེས་རབ་འབར་གྱིས་མྱང་སྟོད་སྐྱེགས་གནས་རྙིང་དུ་ཆོས་བཤད། ལས་སྟོད་པ་དཀོན་མཆོག་མཁར་གྱིས་གདན་ས་མཛད། དིང་སང་གི་བར་དུ་དེའི་མི་རྒྱུད་ཀྱིས་འཛིན་ནོ། །གཙང་པ་འབྲེ་སྒུར་གྱིས་དགའ་བ་གདོང་དང་། ཁུ་ཤེར་བརྩོན་གྱིས་ཐང་པོ་ཆེར་ཆོས་བཤད་གྲྭ་པ་ཁྲི་ལྷག་འདུས། ཨར་བྱང་ཡེས། གནམ་རྩེ་ལྡིང་སོགས་དང་། དཀར་ཆུང་རིང་མོ། ཞང་ཨེ་པ་གཉིས་ཀྱིས། འུ་ཤང་རྡོ་ལ་སོགས་སུ། མདོ་སྨད་ཚོ་བཞིར་གྲགས་པ་ལ་ཆོས་གསུངས། མཁས་པ་བསོད་རིན་དང་། གཉལ་ཞིག་ལ་སོགས་པ། དཔག་ཏུ་མེད་པ་སྨིན་པར་མཛད། གྲལ་སྟན་ཟ་འོག་ལ་བྱེད་པ་དང་། དུས་ཆོས་རེ་ལ་ཇ་སིག་ཆེན་ལྔ་བཅུ་ཙམ་རེ་སྐོལ་བ་ལ་སོགས་པ། ལོངས་སྤྱོད་ཀྱང་དེ་དུས་ཁོ་ན་ཆེ་བར་གྲགས། དེར་རྟིང་མཁན་པོ་བསོད་རིན་གྱི་གདན་ས་བྱས། ཆོས་བློ་བཤད་བྱེད་པ་དེ་ནས་བྱུང་། དེར་རྟིང་འགྲལ་ཤེར་རྒྱལ་གྱིས་གདན་ས་མཛད། གཉལ་ཞིག་གི་སློབ་མ་བུ་དགུར་གྲགས་པའི་ནང་ནས་གཙང་དྲུག་གིས་ཞ་ལུའི་གདན་ས་དང་། བོ་དོང་རིན་པོ་ཆེས། གྲགས་རམ་གྱི་བཤད་གྲྭ་བཙུགས། འགྲལ་གྱི་ལོ་བཅོ་ལྔ་གདན་ས་མཛད་པའི་རྗེས་ལ། རོག་གིས་ཟླ་བ་དྲུག་མཛད་དོ། །དེ་ནས་སློབ་དཔོན་ཤཱཀྱ་གཞོན་ནུ་དང་། ཚད་མའི་སྐྱེས་བུ་མང་པོ་སྨིན་པར་མཛད། སློབ་དཔོན་ཤཱཀྱ་གཞོན་གྱིས། ཚལ་གུང་ཐང་དུ་བཤད་གྲྭ་བཙུགས། ནེའ་ཐོག་གི་གདན་ས་ལོ་ཉི་ཤུ་རྩ་བདུན་མཛད་ཅིང་། བློ་གྲོས་མཚུངས་མེད་དང་། ཕྱོགས་ལས་རྣམ་རྒྱལ་སོགས་དུ་མ་སྨིན་པར་མཛད་དོ། །དེ་རྗེས་རྒྱ་མ་པས་ལོ་བརྒྱད་གདན་ས་མཛད། དེར་རྟིང་ཕྱོགས་ལས་རྣམ་རྒྱལ་པས་ལོ་བརྒྱད་མཛད་དོ། །ཡར་འབྲོག་པ་མཁན་པོ་རྒྱལ་གྱིས་ཟླ་བ་གཅིག སློབ་དཔོན་གཞོན་སེང་གིས་ལོ་བརྒྱད། གཙང་དཀར་གྱིས་ལོ་