[A:21]བ་ཡོད་དོ། །མདའི་རྩལ་འགྲན་པས། ཤིང་རྟ་ལ་བདུན་ལྕགས་ཀྱི་ཕག་པ་བདུན་དང་བཅས་པ་ཕུག་ནས། མདའ་ཟུག་པའི་རྗེས་ན་མདའ་ཆུ་ཁྲོན་པ་སྐྱེས་ཟེར་བ། ཡན་ལག་བརྒྱད་ལྡན་གྱི་ཆུ་ཡོད་དོ། །གཞན་ཡང་རྐྱལ་དང་ཤིང་སྡོང་གཅོད་པ་ལ་སོགས་པ་རྩལ་སྣ་གང་ལ་ཡང་སུས་ཀྱང་འགྲན་པར་མི་ནུས་པས་གཞོན་ནུ་རོལ་རྩེད་ཀྱི་མཛད་པ་སྟེ་གསུམ་པའོ། །བཞི་པ་དེ་ནས་རྒྱལ་པོའི་དགུང་ལོ་བཅུ་བདུན་བཞེས་པའི་དུས་སུ། ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་གྲགས་འཛིན་མ་དང་། དགུང་ལོ་ཉི་ཤུ་རྩ་གཉིས་པའི་དུས། ཤཱཀྱ་དུ་ལེགས་ཀྱི་བུ་མོ་ས་མཚོ་མ་དང་། ཉི་ཤུ་རྩ་དགུ་བཞེས་དུས་ཤཱཀྱ་དྲིལ་བུ་སྒྲའི་བུ་མོ། ཤཱཀྱ་བཟའ་རི་དྭགས་སྐྱེས་མ་རྣམས་འཁོར་ཉི་ཁྲི་ཉི་ཁྲི་དང་བཅས་པ་ཁབ་ཏུ་བླངས་པ་ནི། བཙུན་མོ་ཁབ་ཏུ་བཞེས་པའི་མཛད་པ་སྟེ་བཞི་པའོ། །ལྔ་པ་དེ་ལྟར་ལོ་ཉི་ཤུ་རྩ་དགུའི་བར་ལ་ནི། རྒྱལ་སྲིད་ཚུལ་དང་མཐུན་པ་བསྐྱངས་ཤིང་། ཡབ་ཀྱིས་རྒྱལ་བུ་ཆོས་ལས་ཡེངས་ནས། འཇིག་རྟེན་གྱི་བྱ་བ་ལ་བློ་འབྲིད་པའི་ཕྱིར། ཞིང་པའི་མཐའ་རྟོགས་སུ་བཅུག་པའི་ཆེ། ངོ་མཚར་བའི་ལྟས་མཐོང་ནས། གང་ཚེ་ཐུབ་ཆེན་ཞིང་པའི་གོང་བཞུད་ཚེ། །ཞེས་པའི་སྲས་ལ་བསྟོད་པ་མཛད་དོ། །དེར་རྟིང་རྒྱལ་པོ་ཆིབས་པ་ངང་པ་གསེར་ལྡན་ལ་ཆིབས། འདུན་པས་སྣ་ཁྲིད་དེ་གྲོང་ཁྱེར་གྱི་ཤར་ལྷོ་ནུབ་རྣམས་སུ། ཉིན་རེ་བྱོན་པས་ན་རྒས་འཆི་བའི་སྡུག་བསྔལ་འདུན་པས་བརྡ་སྦྱར། བྱང་ཕྱོགས་སུ་བྱོན་ཉིན། སྤྲུལ་པའི་དགེ་སློང་དང་མཇལ། བཞོན་པ་ལས་བབས་ཏེ་ཕྱག་བྱས། བདག་ཀྱང་འདི་ལྟར་རབ་ཏུ་བྱུང་ངོ་གསུངས། ཕོ་བྲང་དུ་ལོག་རབ་ཏུ་བྱུང་ལུགས་ཇི་ལྟར་ལེགས་