[A:256]སོགས། མཆེད་ལྔ་བྱུང་བ་ཐམས་ཅད་ཡོན་ཏན་དང་ལྡན་ཡང་། ཡབ་བཞུགས་རིང་ལ། སྔ་རིམ་གྱི་འདས་སོ། །ཐོགས་མེད་གྲགས་པའི་སྲས་རྒྱལ་ས་ར་མོ་དང་། རྡོར་སེང་ར་མོ། སྟོན་ཆུང་དབང་མོའི་སྐྱེ་བ་ཡིན། གདན་ས་ལོ་བདུན་བསྐྱངས། མར་པ་ཡབ་སྲས་ཀྱི་སྐུ་གདུང་བཞེངས། རབ་གནས་ཞང་རིན་པོ་ཆེ་ལ་ཞུས། གཅེན་ཇོ་ཚུལ་གྱི་སྲས་བླ་མ་ཀུན་དགའ་རྡོ་རྗེའོ། །དེས་དཔལ་ཞང་གི་གཟིམས་ཁང་ལྷོ་མ་བཏབ། གདན་ས་མཛད། ལོ་བདུན་ཅུ་རྩ་བདུན་ལ་འདས་སོ། །དེའི་སྲས་སློབ་དཔོན་དགེ་སློང་དང་། བླ་མ་གཟི་བརྗིད། སློབ་དཔོན་རྒྱལ་པོ་དགའ། བླ་མ་གཟི་བརྗིད་ཀྱིས་གཟིམས་ཁང་བྱང་མ་བཏབ། གཙུག་ལག་ཁང་བཞེངས། གདུང་ཁང་ཡང་དེར་སྤྱན་དྲངས། གདན་ས་མཛད། ལོ་བརྒྱད་ཅུ་ལ་གཤེགས། སློབ་དཔོན་རྒྱལ་པོ་དགའི་སྲས་སེང་གེ་སྒྲ། རི་བོང་པ་རིན་ཆེན་བཟང་པོ། སློབ་དཔོན་ཆོས་རྡོར་འོད། རི་བོང་པའི་དགུང་ལོ་བཅུ་པ་ལ། བཤད་པ་མཛད། བཅོ་བརྒྱད་ལ་ཟུལ་ཕུར་དགེ་ཚུལ་དང་། དེ་ནས་ལ་གསུམ་ལ་བསྙེན་རྫོགས་མཛད། ཉི་ཤུ་རྩ་བདུན་པའི་དུས་ཁུ་བོ་འདས་ནས་གདན་ས་མཛད། བཅོ་ལྔ་པ་ལ་ཁམས་སུ་བྱོན་ནས། ལོ་གཉིས་ལ་འཁོར་ནས་ཚལ་པའི་ཡང་དགོན་དུ་སྒོམ་སྡེ་དང་། དཔོན་རྒྱུད་ཀྱི་བླ་མར་སྐུར། གསེར་གྱི་བཀའ་འགྱུར་བཞེངས། ལྷ་ཁང་དང་རྒྱལ་ས་རྒྱ་ཆེན་བསྐྱེད། སྤེལ་ཞིང་དང་། ཟུལ་སྐྱོར་གྱི་ཐོག་དྲངས། དབུས་གཙང་གི་དགོན་སྡེ་འབྲེལ་ཡོད་ཀུན་ལ། ཚོགས་གསོག་རྒྱ་ཆེན་མཛད། ཇོ་བོ་ནཱ་རོ་པ་དང་།མར་པའི་སྤྲུལ་པར་གྲགས། འགྲོ་དོན་དཔག་མེད་མཛད་ནས། བདུན་ཅུ་རྩ་བདུན་པ་ལ་གཤེགས་སོ། །སློབ་དཔོན་སེང་གེ་སྒྲའི་སྲས། སློབ་དཔོན་རིན་རྒྱལ་སྤུན་གསུམ་མོ། །སློབ་དཔོན་ཆོས་སྦྱོར་གྱི་སྲས་གསུམ་གྱི་ཆེ་ཤོས། བླ་མ་ཆོས་ཀྱི་