[A:260]ཀའི་ལུང་བསྟན་པ་ཡིན་ནོ། །འཁྲུངས་ཡུལ་ནི་གཉལ་རུས་སྙི་བ། ཡབ་ཉི་མ་ལྷ་རྗེའི། སྲས་གསུམ་གྱི་བར་པ། མཚན་སྙིང་པོ་ཀུན་དགའ། ལྷ་རྗེ་མཛད་ཅིང་། དགུང་ལོ་བཅུ་གཉིས་པ་ལ། དགེ་བཤེས་ཤ་བ་གླིང་པ་ལ་རབ་ཏུ་བྱུང་། བསོད་ནམས་རིན་ཆེན་དུ་མཚན་གསོལ། མཁན་པོ་དང་བྱ་འདུལ་བ་ལ་འདུལ་བ་ལུང་སྐོར་ཞུས། མར་ཡུལ་བསམ་གཏན་ལ་གསང་སྔགས་གསན། དབུ་རུ་བྱང་དུ་དགེ་བཤེས་སྙུག་རུམ་པ། ལྕགས་རི་གོང་ཁ་བ་བྱང་ཆུབ་དཔལ། དགེ་བཤེས་བྱ་ཡུལ་བ་རྣམས་ལ། བཀའ་གདམས་ཞུས། ཞག་བཅུ་གསུམ་ཙམ་མི་འཆོར་བའི་གནས་པ་བཟང་པོ་བྱུང་། རྟོགས་པ་གོང་དུ་འཕེལ། ས་བཅུ་ནོན་པའི་རྨི་ལྟས་བྱུང་། ཡབ་མེས་ཀྱིས་བརྩིགས་པའི་གསེར་ཆུང་ལྷ་ཁང་དུ་བཞུགས་དུས། སྤྲང་པོ་གསུམ་ལས་རྗེ་མི་ལའི་སྙན་པ་ཐོས་མ་ཐག་མོས་པ་སྐྱེས། བྱིན་བརླབས་ཞུགས་པས་ཡིད་ཕྲོགས་ནས། ལ་སྟོད་ལ་བྱོན་པ་སྤྲང་པོ་ཞིག་ལ་ལམ་སྣ་བཅོལ་བས། ཚོང་དུས་ནས་ཁོང་འགྲོ་མ་ཉན་པར། ཁོང་རང་གི་བྱོན། མཇལ་མ་ཐག་བླ་མ་མཉེས་ནས་ས་སྣ་ལན་གྱི་མགུར་གསུངས། སྔགས་ཀྱི་ཉམས་ཞུས་པས་བཞད་ནས། བྱེ་མ་བཙིར་བས་མར་ཁུ་གང་ལ་ཡོང་། །ཡུངས་དཀར་བཙིར་ན་ཡོང་པ་ཡིན། །ཐབས་ལམ་སྒོམས་གསུངས་ནས། གདམས་པ་རྣམས་རིམ་གྱིས་གནང་། བསྒོམས་པས་ཞག་བདུན་ནས། བདེ་སྟོང་རང་འབར་ལ་སོང་། རྟགས་སྣང་ཉམས་མྱོང་ཁྱད་པར་ཅན་སྐྱེས། རིང་པོར་མ་ཐོགས་པར་སྤྲུལ་སྐུ། ལོངས་སྐུ་དང་མཇལ། ཆོས་སྐུ་མྱུར་དུ་མཐོང་བར་ལུང་བསྟན། བྱིན་གྱིས་བརླབས་ཤིང་རྒྱལ་ཚབ་ཏུ་དབང་བསྐུར་ནས། ལྕགས་རི་གོང་ཁར་བྱོན་ཏེ་སེ་བ་ལུང་དུ། བཀའ་གདམས་པའི་གསེབ་ཏུ་བཞུགས་པས། ཐུགས་དམ་ཅུང་ཞིག་འགྲིབ། ཡར་བྱོན། མི་ལ་བསྟེན་པས། དྲན་པ་སོར་ཆུག་ཟེར་བ་ཡང་འདུག འོལ་ཁ་ནས་སྒམ་པོ་ཟངས་ལུང་དུ་