[A:270]བྱེད་དོ། །ཏའི་སི་ཏུ་དེ་དགུང་ལོ་རེ་གསུམ་པ། མེ་ཕོ་འབྲུག་གི་ལོ་ལ་བདེ་བར་གཤེགས་སོ། །དེ་ནས་དབོན་པོ་སློབ་དཔོན་ཤཱཀྱ་རྒྱལ་མཚན་པས། སྣེ་གདོང་ཁྲི་ཐོག་ཏུ་བཞུགས། བླ་དཔོན་སྦྲགས་ནས་མཛད་པའི་རིགས་ལ། རྒྱལ་ཁྲིམས་འཇགས་ཤིང་། ཆོས་ཁྲིམས་དར། དབུས་གཙང་བདེ་བ་དང་། མངའ་ཞབས་སྐྱིད་པར་བྱུང་ན་དགོངས་པའི་ཐུགས་དགེ་བ་ཁོ་ན་བཟུང་བས། ཀུན་གྱི་འཇམ་དབྱངས་ཤཱཀྱ་རྒྱལ་མཚན་ཞེས་བསྟོད་ཅིང་བསྔགས་པའི་སྙན་གྲགས་ཆེར་བྱུང་ཤིང་། ཚུལ་དེ་དང་མཐུན་པར་གྱུར་ཏོ། །ཧོར་ཐོ་གན་ཐེ་མུར་རྒྱལ་པོས་ཀྱང་། ཆང་གུའི་གུང་གི་མཚན་དང་། ལས་ཀ་གནང་། ཁོང་གཤེགས་རྟིང་གཅུང་པོ་ཁྲི་དཔོན་ཤཱཀྱ་རིན་ཆེན་པ། སྣེ་གདོང་དུ་བསྐོས་ནས། དབུས་གཙང་གི་གཞིས་བསྐོར་ལ་འབྱོན་པར་ཆས། གཞུང་སྐྱིད་མོ་གཤོང་དུ་ཕེབས་ནུབ། ཁང་སྐོར་བྱིན་ལ་མེ་སྟོབས་ཆེན་ཤོར། དཔོན་གཡོག་རྣམས་ཉེན་ཅན་ལ་གཏད་པས། རྟོག་བཅས་ཀྱི་ཕྱིར་ལོག་ནས། མཁར་ཐོག་དགོན་གསར་དུ་བཞུགས་སུ་བཅུགཐུགས་མ་བདེ་ནས་མུ་མེད་མང་རབ་མཛད་པས། ཁྲིམས་བདག་སྨྱོན་པར་གྲགས་པའང་བྱུང་ལ། སྤྱན་མངའ་གྲགས་བྱང་པས་ལོ་ཤས་བླ་དཔོན་སྦྲགས་ནས་བཟུང་།དེའི་རྟིང་དེའི་གཅུང་པོ་གྲགས་པ་རིན་ཆེན་པ་སྣེ་གདོང་དུ་ལོ་འགའ་བསྐོས། དེ་མཚམས་རྫོང་ཇི་རྒྱལ་མཚན་བཟང་པོ་བ་ཁུ་དབོན་གྱི། དམ་བྱས་ནས། བདག་པོ་གྲགས་རིན་པ། གློ་བུར་དུ་གོང་དཀར་ནས་གཞུང་ཀོ་ལ་གདན་དྲངས། སྤྱན་མངའ་གྲགས་པའི་གདན་སར་བསྐྱལ། སྣེ་གདོང་ཁྲི་ཐོག་ཏུ། ཁྲི་དཔོན་ཤཱག་རིན་གྱི་སྲས་ཆེ་བ། གྲགས་པ་རྒྱལ་མཚན་པ་དགུང་ལོ་བཅུ་གཅིག་ལོན་པའི་དུས། ཤིང་ཕོ་བྱི་བའི་ལོ་ལ། དཔོན་སར་བཏོན། སྐུ་ཚེའི་སྟོད་ལ། དབོན་ཞང་གི་འཁོན་