R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 23
[A:23]ཆ་རྣམས་བསྐུར་ཏེ། སེར་སྐྱར་སློག་བཏང་བས། སྨྲེ་སྔགས་འདོན་ཅིང་ཕྱིན་པས་ཞག་བདུན་ལ་སླེབས་ཙམ་བྱུང་ཞིང་། བློན་འབངས་རྣམས་ཀྱི་རྟ་ལ་འཇུ་ཞིང་ངུས་པས། གསེར་ལྡན་དེ་ཉིད་དུ་ཤི་ནས། གྲོང་ཁྱེར་སྒྲ་ཅན་དུ་བྲམ་ཟེ་ལས་དྲུག་ལ་མཁས་པ་གཅིག་ཏུ་སྐྱེས་སོ། །རྒྱལ་པོ་རབ་ཏུ་བྱུང་བའི་དབུ་སྐྲ་དང་། ཀ་ཤི་ཀའི་ན་བཟའ་རྣམས་བརྒྱ་བྱིན་གྱིས་ཁྱེར་ནས། སུམ་ཅུ་རྩ་གསུམ་ན་རིན་པོ་ཆེ་ལས་གྲུ་བ་པའི་དབུ་སྐྲའི་མཆོད་རྟེན་དང་། ན་བཟའི་མཆོད་རྟེན་བྱ་བ་བཞེངས་ཡོད་དོ། །
གྲོང་ཁྱེར་དཔེ་མེད་ཀྱི་ཁྱིམ་བདག་གི་བུས་བཞག་པའི་ན་བཟའ། ངུར་སྨིག་བརྒྱ་བྱིན་གྱི་ལག་ནས་ཕུལ་བ་གསོལ་ཏེ། རང་བྱུང་དུ་བསྙེན་པར་རྫོགས་པར་གྱུར་ཏོ། །དེ་ནས་ཡབ་དང་རྒྱལ་པོ་ལེགས་པར་རབ་གསལ་ཀྱི་རྒྱལ་བུ་གཅིག་པུར་ནགས་ལ་འདུག་ཅེས་པ་ཐོས་ནས། འཁོར་ལྔ་བརྒྱ་བཏང་བས། ལྔ་ཉར་གཞན་རྣམས་ཕྱིར་སློག་བཏང་ངོ་། །རབ་ཏུ་བྱུང་བའི་མཛད་པ་སྟེ་དྲུག་པའོ། །བདུན་པ་ནི། དེ་ནས་འཁོར་ལྔ་པོ་ཡང་ཁྲིད་དེ་ཆུ་བོ་ན་ར་ཛཱ་རའི་འགྲམ་དུ་བྱོན་ནས། །ལོ་དྲུག་ཏུ་དཀའ་ཐུབ་མཛད་པར་ཞིང་པའི་བུ་མོ་གཉིས་ཀྱིས་འོ་མའི་ཉིང་ཁུ་ལ། ལྷའི་བུ་གཉིས་ཀྱི་གཟི་བརྗིད་སྐྱེད་པའི་སྨན་བཏབ་ནས་དྲངས་པ་གསོལ་བས། སྐུ་ལུས་གསེར་བཙོ་མའི་མདོག་ལྟ་བུར་གྱུར་ནས། དེའི་ཚེ་འཁོར་ལྔ་པོ་ཡང་མ་དད་པར་གྱུར་ནས། རང་རེ་ཚོ་ཝ་ར་ཎ་སིར་འགྲོ་ཟེར་སོང་ངོ་། །དཀའ་བ་སྤྱད་པའི་མཛད་པ་སྟེ་བདུན་པོའོ། །བརྒྱད་པ་ནི། དེ་ནས་བྱང་སེམས་ཀྱིས་སངས་རྒྱ་བར་བཞེད་དེ། འོད་གསལ་གྱི་ལྷའི་ཚིག་བཞིན་རྡོ་རྗེ་གདན་ལ་ཕྱིན་པའི་ལམ་དུ། ཚོང་དཔོན་ག་གོན་དང་། བཟང་པོས་འབྲས་ཆན་དྲངས་པས། གསོལ་བའི་ཞལ་ཕོར་ལ་ལྷའི་བུའི་ལྷུང་བཟེད་གསུམ་ཕུལ་བ་གཅིག་ཏུ་བྱིན་གྱིས་བརླབས་ནས་གསོལ། ཚོང་དཔོན་གྱི་ལམ་གྱི་བར་ཆད་བསྲུང་བའི་ཕྱིར་ལྷའི་བཀྲ་ཤིས་དོན་གྲུབ་བྱ་བ་གསུངས། དེ་