[A:278]པ་ཐམས་ཅད་མ་ལུས་པར། དབུས་སྙུང་བཞེས་ནས་གནང་། ཆོས་སྐྱོང་དྲན་བཞིན་ཉན་པའི་བཀའ་བསྒོ་མཛད། བྱིན་གྱིས་བརླབས་སྐུ་དྲིན་དྲན་པའི་འབུལ་མོ་ཆེ་ཐེངས་གསུམ་ཕུལ། བླ་མ་སྐྱེར་སྒང་དུ་བྱོན་དུས། ཉམས་བསྡུར་མཛད་པས།མཉེས་ནས་དབོན་སྟོན། པ་ལ་མཛོ་སྐྱེས་ཟེར་བའི་སྐད་ཐོངས་ཤིག་གསུང་ཞིང་། སྔར་རྒྱ་གར་གྱི་གྲུབ་ཐོབ་ཕལ་ཆེ་བ་ལས། མཁས་གྲུབ་ཁྱུང་པོ་ཐུགས་དམ་བཟང་བར་འདུག དེ་ལས་ང་དགེ་སྦྱོར་བཟང་བར་འདུག་གསུང་ཞིང་ཡོད། ང་ལས་ཁྱེད་ཉམས་རྟོགས་བཟང་བར་འདུག་གོ། ངོ་མཚར་ཆེ་གསུངས་ངོ་། །གྲྭ་སློབ་ཡོན་བདག་ནི། རྒྱ་ཐང་རྒྱའི་རྒྱལ་པོ། བླ་མ་སོག་པ། དཀར་ཆུང་བཙད་པོ། རྒྱལ་ཚ་ལ་སོགས། སྐྱ་བཙུན་མང་པོ་ཆོས་ཀྱི་ཚིམ་ཞིང་། ནད་གདོན་ལས་གྲོལ་ནས། ཐུགས་རྗེ་ཆེན་པོའི་ཞལ་མཐོང་བ་ཤ་སྟག་བྱུང་ངོ་། །ཆོས་རྒྱུད་འདི། གཡོར་པོ་སྟོད་པ་ཞིག་གིས་འཛིན་ཅིང་། རྡོ་རྗེ་འཆང་གིས་ལུང་བསྟན་པ་བཞིན། བརྒྱུད་པ་བདུན་ཐིམས་ནས། ཆིག་རྒྱུད་ཀྱི་ཟབ་ཆོས། མཁའ་འགྲོའི་ཞལ་གདམས་འདིས། ཕྱོགས་ཀུན་དུ་ཁྱབ་ནས། གདུལ་བྱ་སྣོད་ལྡན་ཡང་། མང་དུ་འབྱུང་བར་འགྱུར་རོ། །ང་ནི་འདི་ནས་མངོན་དགར་འགྲོ་བས། གསོལ་བ་དེར་ཐོབ་ཅིག་གསུངས་པ་ལ་སོགས་ལུང་བསྟན་མང་དུ་གནང་ཞིང་། བསྟན་པ་དང་འགྲོ་བ་མང་པོའི་དོན་རྒྱ་ཆེ་ལ་ཡུན་རིང་བར་མཛད་ནས། དགུང་ལོ་དོན་གསུམ་བཞེས་པ།སྟོན་ཟླ་ར་བའི་ཚེས་བཅུ་གསུམ་ལ། སྐྱེར་སྒང་དུ་བདེ་བར་གཤེགས་སོ། ། ཡོལ་བུ་རི་གོང་གཉན་སྟོན་སྦས་པའི་རྣལ་འབྱོར་ནི། འཁྲུངས་ཡུལ་ཡོལ་བུའི་མདའ། རུས་གཉན་དེ་ཉིད་ནི། སྐུ་གཞོན་ནུ་ནས། ཆོས་ཁོ་ནའི་གཏམ་དང་།སྤྱོད་ལམ་ལ་བརྩོན་པ་ཞིག་བྱུང་སྟེ། དགུང་ལོ་བཅུ་གཅིག་པ་ལ་གུང་པོ་མཁར་དུ།