[A:282]ཆོས་རྒྱལ་འཕགས་པའི་ཤེས་བྱ་རབ་གསལ་ལས། སྣོད་བཅུད་ཀྱི་ཆགས་ཚུལ་མདོར་བསྡུས་པ་བཞུགས་སོ། ། ཨོཾ་སྭ་སྟི། བསམ་འཕེལ་བླ་མ་ཀུན་མཁྱེན་ཟས་གཙང་སྲས། །སྨྲ་བའི་སེང་གེ་འཇམ་དབྱངས་ཞབས་བཏུད་ནས། །དེ་ཡི་རྣམ་འཕྲུལ་ཆོས་རྒྱལ་འཕགས་པ་ཡིས། །མདོ་རྒྱུད་དོན་བསྡུས་ཤེས་བྱའི་གནས་རྣམས་ཀུན། །རབ་ཏུ་གསལ་བྱེད་བསྟན་བཅོས་བརྩམས་པ་ལས། །མདོར་ཙམ་བསྡུས་པ་འདི་དག་བདག་གིས་བྲི། །དང་པོ་རྡུལ་གྲངས་འགྱུར་ཁྱད་བརྩི་བ་ནི། བཅང་བཟུང་གཞིག་ཏུ་མེད་པའི་ཕྲ་རབ་རྡུལ། །བདུན་འགྱུར་རྡུལ་ཕྲན་ལྕགས་ཆུ་རི་བོང་ལུག །གླང་རྡུལ་ཉི་ཟེར་སྲོ་མ་ཤིག་ནས་རྡུལ། །དེ་བཞིན་རེ་རེ་བཞིན་དུ་བདུན་འགྱུར་ཏེ། །ནས་བདུན་སོར་ཚིགས་བཅུ་གཉིས་མཐོ་གང་ལ། །མཐོ་དོ་ཁྲུ་གང་ཁྲུ་བཞི་འདོམ་པ་གང་། །དེ་དག་ལྔ་བརྒྱ་རྒྱང་གྲགས་དེ་བརྒྱད་ལ། །དཔག་ཚད་གཅིག་ཏུ་བརྩི་བ་རབ་གསལ་ལུགས། །སྣོད་ཀྱི་ཆགས་ཚུལ་དང་པོ་སྟོང་པ་ལ། །ཕྱོགས་བཅུའི་རླུང་གཡོས་དཀྱིལ་འཁོར་རྒྱ་གྲམ་གྱི། །རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་དྲུག་དང་། །རྒྱ་ཁྱོན་གྲངས་མེད་དེ་ཡིས་བརྟེན་པའི་སྟེང་། །ཆུ་ཡི་དཀྱིལ་འཁོར་ཟླུམ་པོ་མཐུག་རྔམས་ལ། །ཆིག་འབུམ་རགས་ཆེན་ཐད་ཀར་ས་ཡ་གཅིག །གཉིས་འབུམ་གསུམ་སྟོང་བརྒྱ་ཕྲག་ཕྱེད་དང་ལྔ། །དེ་དག་འོག་གི་རྒྱ་མཚོ་བརྒྱད་ལྡན་ཆུ། །དེ་བསྲུབས་