[A:284]ཕྱིར། །རྒྱ་མཚོ་དེ་ཡི་མཐའ་སྐོར་དཔག་ཚད་ནི། །ས་ཡ་ཕྲག་གསུམ་དྲུག་འབུམ་བདུན་བརྒྱ་དང་། །ལྔ་བཅུ་ཡོད་ཅིང་དེ་ཡི་ཕྱི་རོལ་གྱི། ཁོར་ཡུག་ལྕགས་རི་མཐའ་སྐོར་ས་ཡ་གསུམ། དྲུག་འབུམ་ཉིས་སྟོང་དྲུག་བརྒྱ་ཉེར་ལྔ་ཡོད། །རི་རབ་ལྷོ་ཕྱོགས་འཛམ་གླིང་ཤིང་རྟའི་དབྱིབས། །སོག་ཁའི་ཡུ་བ་ཆུ་ངོས་བསྟན་པ་ལ། །དཔག་ཚད་ཕྱེད་དང་བཞི་གཞན་ཕྱོགས་གསུམ་ལ། །སྟོང་ཕྲག་གཉིས་གཉིས་ཤར་ན་རྔ་ཡབ་དང་། །ནུབ་ན་རྔ་ཡབ་གཞན་ཡོད་འཛམ་གླིང་དབུས། །མ་ག་དྷ་ནས་བྱང་དུ་རི་ནག་པོ། །དགུར་རྒྱུད་གངས་རི་སྤོས་ངད་དེ་ཡི་ཕྱིར། །སྤོས་རི་ངད་ལྔན་དེ་གཉིས་བར་གྱི་མཚོ། །མ་དྲོས་གྲུ་བཞི་ཟབ་དང་ངོས་དེའི་ཚད། །དཔག་ཚད་ལྔ་བཅུ་རེ་རེ་དེ་ཡི་ཆུ། །གཙང་དང་འཇམ་དང་སྙོག་མ་མེད་མངར་དང་། དྲི་ཞིམ་མགྲིན་པ་ལྟོ་ལ་མི་གནོད་པ། །ཡན་ལག་བརྒྱད་དང་ལྡན་པའི་ཆུ་ཡིན་ནོ། །དེ་ལ་ཆུ་བོ་བཞི་འབབ་སི་ཏ་དང་། །གངྒཱ་སིནྡྷུ་པཀྵུ་ཞེས་པའོ། །མ་དྲོས་རྩ་བའི་བྲག་གི་བྱ་སྐྱིབས་ན། །འཛམ་བུ་ཏྲི་ཤའི་དཔག་བསམ་སྡོང་བུ་ལས། །འབྲས་བུ་ཆེར་སྨིན་མཚོ་ནང་ལྷུང་བའི་སྒྲ། །འཛམ་བུ་ཞེས་བྱའི་མཚོན་པས་འཛམ་གླིང་གྲགས། །ཤར་གྱི་ལུས་འཕགས་གླིང་ནི་ཟླ་གམ་ལ། །རི་རབ་ངོས་བསྟན་སྤྱད་ཁ་དཔག་ཚད་ནི། །སུམ་བརྒྱ་ལྔ་བཅུ་གྲངས་གཞན་གསུམ་དྲུག་རེ། །བྱང་ན་ལུས་དང་ལྷོ་ན་ལུས་འཕགས་ཡོད། །དེ་གསུམ་གླིང་གཞན་རྣམས་ལས་རྟ་ལ་བདུན། །གྱེན་དུ་འཕགས་དང་མི་རྣམས་གཟུགས་བཟང་བས། །ལུས་འཕགས་པོ་ཞེས་གྲགས་པ་དེ་ནས་ཡིན། །བྱང་ན་སྒྲ་མི་སྙན་ནི་གྲུ་བཞི་ལ། །ངོས་རེར་དཔག་ཚད་ཉིས་སྟོང་ནུབ་ཕྱོགས་ན། །སྒྲ་མི་སྙན་དང་ཤར་ན་དེའི་ཟླ་བ། །ཤིང་དང་ཤ་ཟའི་སྐད་ཀྱིས་ཞག་བདུན་ནས། །འཆི་འཕོ་སྒྲ་འབྱུང་དེ་ཕྱིར་སྒྲ་མི་སྙན། །ནུབ་ཀྱི་བ་གླང་སྤྱོད་ནི་