R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 26
[A:26]དད་པས་བསྟོད་པ་ནི། དེ་ཡང་འདི་དང་ཁྱོད་ལ་ལན་གསུམ་དུ། །ཐུབ་པ་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེ་མངའ་ལྷ་ཡི་མཆོད་པའི་གཙོ། ཁྱོད་འདྲ་འཇིག་རྟེན་མ་མཆིས་ལྟ་ཅི་སྨོས། །མཚན་ནི་དོན་གྲུབ་ལགས་ཞེས་མངོན་བརྗོད་པ། །ཕ་དང་མ་ཡི་བསམ་སྟེ་བཏགས་པ་ལགས། ཁྱོད་ཀྱི་བསམ་རྫོགས་བདུད་རྩི་བརྙེས་པས་ན། །དོན་གྲུབ་ལེགས་པར་ང་དོན་བདག་གི་འཚལ། །ཞེས་པས་བསྟོད་ཅིང་། ཡབ་རྒྱལ་པོའང་སངས་རྒྱས་ཀྱི་ཞལ་མཐོང་། ཆོས་ཐོས་པས་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །སྟོན་པའི་ཞལ་ནས་དགེ་སློང་འཆར་ཀས་ཡབ་རྒྱལ་པོ་དགེ་བ་ལ་བསྐུལ་བའི་བསོད་ནམས་ཀྱི་ཕུང་པོ་དེ་ལ། གལ་ཏེ་གཟུགས་ཡོད་ན་འཇིག་རྟེན་གྱི་ཁམས། གང་གའི་ཀླུང་གི་བྱེ་མ་སྙེད་དུ་མི་ཤོང་སྟེ། བསོད་ནམས་ཀྱི་ཚོགས་ཤིན་དུ་རྒྱ་ཆེན་པོ་གསུངས་སོ། །དེ་ལྟར་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་བའི་རིང་ལ། ལོ་བདུན་དུ་ཞག་བཞི་བཅུ་ཞེ་དགུ་མ་ཚང་བ་སོང་བར་བྱེད་ཅིང་། སྟོན་པ་སངས་རྒྱས་ནས་ལོ་བདུན་ལོན་པའི་དུས་སུམ་ཅུ་རྩ་གསུམ་དུ་ཡུམ་ལ་ཆོས་གསུང་བ་ལ་བྱོན། ཞག་དགུ་བཅུ་བཞུགས་པ་དེའི་བར་ལ། ལྷ་ཚངས་པ་དང་། གཟའ་ཁྱབ་འཇུག ལྷའི་དབང་པོ་བརྒྱ་བྱིན་གསུམ་གྱིས་སྟོན་པའི་སྐུ་ཚབ་རེ་བཞེངས་པར་གསོལ་བ་བཏབས་པས་གནང་སྟེ། ཚངས་པས་ལྷའི་རིན་པོ་ཆེ་ལས་ཆོས་སྐུའི་རྟེན། བུམ་པ་ཟླུམ་པོར་བྱས་པ། དཔལ་རེག་པ་མེད་པ་དུ་བ་ལྟ་བུའི་མཆོད་རྟེན་བཞེངས་པའི་ཚད་ཚངས་པའི་མཐོ་གང་ངོ་། །དེ་མཁའ་འགྲོས་གདན་དྲངས་ཨོ་རྒྱན་གྱི་ཡུལ་ཧེ་རུ་ཀའི་རྒྱལ་ཁམས་ན་བར་སྣང་ལ་བཞུགས་ཏེ། དཔའ་བོ་མཁའ་འགྲོ་མི་མ་ཡིན་རྣམས་ཀྱི་མཆོད་པའི་རྟེན་བྱེད། མཆོག་གི་དངོས་གྲུབ་སྟེར་རོ། ཁྱབ་འཇུག་གི་ཀླུའི་རིན་པོ་ཆེ་ལ། ལོངས་སྐུའི་