R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 31
[A:31]ཞིང་དུ་གཤེགས་སོ། །སྐུ་གདུང་ནི་བཀའ་བཞིན་དྲི་བཟང་པོས་བྱུགས་རས་ཡུག་སྟོང་དང་། འབྲུ་མར་གྱི་དྲིལ་ནས། ཞག་བདུན་ནས་ཞུགས་ལ་འབུལ་སྙམ་པར། །སྟོན་པ་ཉིད་རང་གི་ཐུགས་དཔལ་བེའུ་ནས་མེ་རང་འབར་དུ་སྟོན་ནས་བཞུའོ། གདུང་རུས་དང་རིང་བསྲེལ་ལ་མངྒ་དྷའི་བྲེ་བཅུ་གཉིས་བྱུང་ཚེམས་མཆེ་བ་གཡས་པ༑ བརྒྱ་བྱིན་གྱི་གདན་དྲངས། གཞན་རྣམས་ཆ་བརྒྱད་བགོས་སྟེ་ཁྱེར་ནས། མཆོད་རྟེན་ཀྱང་བརྒྱད་བཞེངས་སོ། །
བྲམ་ཟེ་ལེགས་མཛེས་སྤུན་གྱི་གདུང་ཐལ་ལ་མཆོད་རྟེན་བཞེངས་སོ
། །སྟོན་པས་བྱིན་གྱིས་བརླབས་པས་བི་ཤྭ་ཀརྨས་བཟོ་བསླབས་མ་དགོས་པར་ཤེས་ཏེ། སྐུ་ཚབ་བཞེངས་པའི་ཐུགས་ཀར། སངས་རྒྱས་རང་གི་ཐུགས་དཔལ་བེའུ་དང་། སྐུ་གདུང་རིང་བསྲེལ་གྱི་སྙིང་པོས་བྱུར་བུར་བསྐངས་ཏེ། བྱང་ཆུབ་གྱི་སྙིང་པོ་མངྒ་དྷ་རྡོ་རྗེ་གདན་ན་བཞུགས་སོ། །ཕྱི་རབས་སྤྲོ་བ་བསྐྱེད་པའི་ཕྱིར། སྐུ་གདུང་རིང་བསྲེལ་རྣམས་བྱིན་རླབས་ཀྱི་རྟེན་དུ་བཞག་པའི་མཛད་པ་སྟེ་བཅུ་གཉིས་པའོ། །། །